ཨར་ཅི་རི་ཡཱའི་རྒྱལ་ཡོངས་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས8ཉིན་ཁྱབ་བསྒྲགས་བྱས་པའི་ཐོག་མའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། ད་ལྟའི་ཙུང་ཐུང་ཐི་པིན་ལ་ཚེས7ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་ཟེར།
ཨར་ཅི་རི་ཡའི་རྒྱལ་ཡོངས་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲ་ཨར་ཧྥེ་ཡིས་ཚེས8ཉིན་གྱི་ཕྱི་དྲོར་ཁྱབ་བསྒྲགས་བྱས་དོན། འདེམ་ཤོག་བསྡོམས་རྩིས་བྱས་པའི་ཐོག་མའི་མཇུག་འབྲས་ལྟར་ན། སྒེར་གྱི་འདེམ་སྒུག་པའི་ཚུལ་དུ་འདེམ་བསྐོ་ལ་ཞུགས་པའི་ཐི་པིན་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་དྲུག་ལྔའི་འདེམ་ཤོག་ཐོབ་ཡོད་ཟེར།
འདེམ་སྒུག་མི་སྣ་གཞན་པ་གཉིས་ཀྱི་ཁྲོད་ཞི་བདེ་བརྩོན་ལེན་སྤྱི་ཚོགས་ལས་འགུལ་ཏང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལཱ་ལེ་ཧཱ་སིང་ནེ་ཞེ་ལི་ཧྥུའུ་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་བདུན་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་སྟོབས་ཤུགས་འཐབ་ཕྱོགས་རྒྱལ་ཡོངས་ཀྱི་ཧྲུའུ་ཅི་དང་པོ་ཡུག་སོ་ཧྥུའུ་ཨོ་ཞེ་ཧྲི་ཡི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་དྲུག་ཡིན་པ་རེད།
ཨར་ཅི་རི་ཡཱ་ཡིས་ཚེས7ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ། ཧྲ་ཨར་ཧྥེ་ཡིས་ཚེས8ཉིན་གྱི་སྔ་དྲོར་ཁྱབ་བསྒྲགས་བྱས་དོན། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ཞེ་བརྒྱད་དང་གྲངས་ཆུང་ཐིག་གསུམ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།