འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་སུའུ་ཏན་གྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་བྲེལ་མྱུར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

སུའུ་ཏན་དུ་འཚམས་འདྲི་བྱེད་བཞིན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས8ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལ་བྲེལ་མྱུར་རོགས་སྐྱོར་བྱས་ཏེ། སུའུ་ཏན་གྱི་སྨན་བཅོས་དང་འཕྲོད་བསྟེན་སྡེ་ཁག་གིས་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐན་ཏི་སེ་ཡིས་ཉིན་དེར་སུའུ་ཏན་ཤར་ངོས་ཀྱི་སུའུ་ཏན་གྲུ་ཁའི་གྲོང་ཁྱེར་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་ལྔ་བརྒྱ་ལྷག་གི་དམག་དོན་འཁྲུག་རྩོད་ལས་སུའུ་ཏན་ཉམས་ཉེན་མང་བོར་འཕྲད་དུ་བཅུག་ཡོད། མང་ཚོགས་ས་ཡ་མང་བོ་ལྟོགས་སྡུག་གིས་མནར་བཞིན་ཡོད་པ་དང་། བཤལ་ནད་དང་སིབ་ནད་སོགས་ནད་ཡམས་ཀྱི་འཇིགས་ཉེན་ཐེབས་ཡོད་པར་མ་ཟད། སུའུ་ཏན་གྱི་བྱིས་པར་སྨན་རྫས་དང་གཞི་རྩའི་སྨན་བཅོས་བདེ་སྲུང་ཧ་ཅང་དཀོན་ཟེར།

ཐན་ཏི་སེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་གྱི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱས་ནས། སུའུ་ཏན་གྱི་སྨན་བཅོས་དང་འཕྲོད་བསྟེན་སྡེ་ཁག་གིས་ཉམས་ཉེན་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།