དབྱི་ལིང་གི་ཙུང་ཐུང་གིས་ལས་འགན་ཁུར་རྗེས་ཐོག་དང་པོར་དབྱི་རག་ཏུ་འཚམས་འདྲི་བྱས།
2024.09.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་དང་ཙུང་ལི་སུའུ་ཏཱ་ནེ་གཉིས་ཀྱིས་ཚེས11ཉིན་རྒྱལ་ས་པཱ་ཀ་ཏཱ་ནས་སོ་སོར་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་། ས་ཁུལ་གྱི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཁྱབ་ཁོངས་མང་བོའི་མཉམ་ལས་ལ་འབྲེལ་བའི་བཟོད་སྒོམ་བརྗེད་ཐོ་བཀོད།

ཕའེ་ཙེ་ཞེ་ཆི་དབྱང་ཉིན་དེར་པཱ་ཀ་ཏཱ་རུ་འབྱོར་བ་དང་། ད་ལོའི་ཟླ7པར་ཙུང་ཐུང་གི་འགན་ཁུར་རྗེས་ཐོག་དང་པོར་དབྱི་རག་ཏུ་དངོས་གཞིའི་འཚམས་འདྲི་བྱས་པ་རེད།

དབྱི་རག་གི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ལཱ་ཞེ་ཏི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་རག་གིས་རྒྱལ་ཁབ་གཉིས་ཀྱི་འཇིགས་སྐུལ་ངོ་རྒོལ་དང་མཐའ་མཚམས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་བཏང་སྟེ། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་ནི་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་ཡིན་པས། ཕྱོགས་གཉིས་ཀྱིས་ཆུའི་ཐོན་ཁུངས་མཉམ་སྤྱོད་ཀྱི་གནད་དོན་ཐད་ནས་བཟོད་སྒོམ་བརྗེད་ཐོ་འགོད་དགོས་ཟེར།

ཕའེ་ཙེ་ཞེ་ཆི་དབྱང་གིས་བསྟན་དོན། དབྱི་ལིང་གིས་དབྱི་རག་བར་གྱི་ཁྱབ་ཁོངས་སོ་སོའི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

གཞན་ཡང་དབྱི་རག་གི་ཙུང་ལི་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། སུའུ་ཏཱ་ནེ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། དབྱི་རག་གིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། ས་ཁུལ་གྱི་དཔལ་འབྱོར་དང་བདེ་འཇགས་ཐད་ཀྱི་འགྲན་རྩོད་མཉམ་དུ་ཐག་གཅོད་བྱེད་འདོད་ཡོད་ཟེར། ཕའེ་ཙེ་ཞེ་ཆི་དབྱང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ན་ས་ཁུལ་གྱི་གཏན་འཇགས་ལ་ཕན་པ་དང་། དབྱི་རག་དང་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

སུའུ་ཏཱ་ནེ་དང་ཕའེ་ཙེ་ཞེ་ཆི་དབྱང་གཉིས་ཀྱིས་ཉིན་དེར་ད་རུང་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པའི་རྒྱ་བསྐྱེད་གྲོས་ཚོགས་ལ་མཉམ་དུ་མགོ་འཛིན་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་བཟོད་སྒོམ་བརྗེད་ཐོ་སྣ14བཀོད་ཡོད་ལ། དཔལ་འབྱོར་ཉོ་ཚོང་དང་རིག་གནས་སྒྱུ་རྩལ། སློབ་གསོ། སྨྱན་བྱད་ཀྱི་མཉམ་ལས། གནའ་རྫས་རྟོག་ཞིབ་དང་བརྗེ་རེས་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།