ཐུ་ནི་ཞི་ཡཱ་ཡིས་མུ་མཐུད་དུ་ཆབ་སྲིད་ལ་བརྟེན་ནས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས།
2024.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་ནཱ་ཧྥུའུ་ཐིས་ཀྱིས་ཚེས13ཉིན་ནན་གྱིས་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་མུ་མཐུད་དུ་གྲོས་མོལ་དང་བར་འདུམ་གྱི་ཐབས་ལ་བརྟེན་ནས་ཆབ་སྲིད་ལྟར་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ནཱ་ཧྥུའུ་ཐིས་ཀྱིས་ཉིན་དེར་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་ཆེད་མངག་འཐུས་མི་གཞོན་པ་ཁུའུ་ལི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཐུ་ནི་ཞི་ཡཱ་ཡིས་ལི་པུ་ཡཱའི་མི་དམངས་རང་ཉིད་ཀྱིས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་པ་དང་། རྒྱལ་ཁབ་དེས་སྔ་མོ་ནས་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པར་རེ་བཞིན་ཡོད་ཟེར།

ཁོས་ད་རུང་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཁུའུ་ལི་ཡིས་ཐུ་ནི་ཞི་ཡཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་བར་འདུམ་བྱ་བར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པ་དང་། ཁོ་མོས་ཕྱོགས་གཉིས་ཀྱིས་འབྲེལ་ཡོད་གནད་དོན་ཐད་ནས་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་ཟེར།

2011ལོར་ཁཱ་ཀྲ་ཧྥེ་སྲིད་གཞུང་རྩ་རྫོགས་བྱས་རྗེས། ལི་པུ་ཡཱ་ཟང་ཟིང་གི་གནས་སུ་ལྷུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་ཕྱོགས་ས་ཁུལ་སྐོར་ཞིག་བདག་བཟུང་བྱས་ཡོད་པ་དང་། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་དམངས་དམག་དཔུང་བར་མནའ་མཐུན་བཙུགས་ནས། མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཁ་གཏད་དུ་འབྲངས་ནས་ལི་པུ་ཡཱའི་མངའ་ཁོངས་བཅད་བཟུང་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།