མར་ཐཱའི་ཙུང་ལི་ཡིས་ཕྱི་འབྲེལ་བློན་ཆེན་དེ་ཙུང་ལི་གཞོན་པར་བསྐོ་འཇོག་བྱས།
2024.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

མར་ཐཱའི་སྲིད་གཞུང་གིས་ཚེས17ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཙུང་ལི་ཨ་པེ་ལཱ་ཡིས་ཉིན་དེར་ཕྱི་འབྲེལ་བློན་ཆེན་པའོ་ཆི་ཙུང་ལི་གཞོན་པར་བསྐོ་འཇོག་བྱས་པ་དང་། པའོ་ཆི་ཡི་ཕྱི་འབྲེལ་བློན་ཆེན་གྱི་གོ་གནས་ཀྱང་སོར་འཇོག་བྱས་ཡོད།

ཨ་པེ་ལཱ་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། པའོ་ཆི་ཡིས་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ། མར་ཐཱའི་རྒྱལ་སྤྱིའི་མཚན་སྙན་ཇེ་ཆེར་སོང་ཡོད།

ད་ལོའི་ཟླ5བའི་ཚེས10ཉིན། རྒྱལ་དབང་སྨན་ཁང་སྒེར་གཉེར་ཅན་དུ་བསྒྱུར་བའི་འབྲེལ་ཡོད་སྐྱོན་འཛུགས་ཐེབས་པའི་དབང་གིས་མར་ཐཱའི་ཙུང་ལི་གཞོན་པ་ཧྥེ་ཨིན་གྱིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཧྥེ་ཨིན་གྱིས་ཨ་པེ་ལཱ་ལ་བྲིས་པའི་ལས་ཁུར་དགོངས་ཞུའི་འཕྲིན་ཡིག་ནང་རང་ཉིད་ལ་མ་ཉེས་ཁ་གཡོག་ཐེབས་པ་ཡིན་ཡང་། ལས་ཁུར་དགོངས་ཞུ་བྱེད་པ་ནི་ཡང་དག་པའི་བྱ་སྤྱོད་ཅིག་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།