ཕུའུ་ཐའོ་ཡཱའི་ཙུང་ཐུང་གིས་ཟླ5བའི་ཚེས18ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།
2025.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ཡིས་ཚེས13ཉིན་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། གྲོས་ཁང་གཏོར་ནས་ཟླ5བའི་ཚེས18ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས། དེ་ནི་ཕུའུ་ཐའོ་ཡཱ་ཡིས་ལོ་ངོ་བཞི་ཙམ་གྱི་དུས་ཚོད་ནང་ཐེངས་གསུམ་པར་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་རེད།

ཏི་སོ་སཱ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་ནི་རེ་བ་བྱེད་མཁན་མེད་ལ་ཀུན་གྱི་བློ་ཡུལ་ལས་འདས་པའི་དོན་ཞིག་ཡིན་ཡང་། དེ་ནི་ངོ་རྒོལ་ཏང་མང་ཤས་དང་སྲིད་གཞུང་བར་གྱི་ཡིད་རྟོན་འགལ་འདུའི་མཇུག་འབྲས་ཡིན་ཟེར།

ལས་འགན་ཁུར་ནས་ལོ་གཅིག་ཀྱང་འགོར་མེད་པའི་ཕུའུ་ཐའོ་ཡཱའི་ཙུང་ལི་མིན་ཐི་ནེ་ཀི་ལོ་ཡིས་ཚེས11ཉིན་བསྡུས་པའི་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་གྲོས་མི་མང་ཤས་ཀྱི་རྒྱབ་སྐྱོར་ཐོབ་མེད་པས། སྲིད་གཞུང་དེ་ལྟ་སྐྱོང་གི་རྣམ་པར་གནས་ཡོད་ལ། སྲིད་ཏང་གཙོ་བོ་དང་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་བར་གྲོས་མོལ་བྱས་རྗེས། ཏི་སོ་སཱ་ཡིས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།