ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱི་དམག་དོན་དམིགས་འབེན་དང་ཨ་མེ་རི་ཁའི་དམག་དོན་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2025.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་རུ་ཡོད་པའི་དམག་དོན་དམིགས་འབེན་དང་མཚོ་དམར་མཚོ་ཁོངས་ཀྱི་ཨ་མེ་རི་ཁའི་དམག་དོན་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཡོད་ཟེར།

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེར་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་བརྙན་རིས་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཡཱ་ཧྥ་ཞེས་པའི་མི་མེད་གནམ་གྲུ་བཀོལ་ནས་ཐི་ལཱ་ཝེ་ཧྥུའུ་ཡི་དམག་དོན་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དང་། རྩ་འཛུགས་དེའི་མཚོ་དམག་དང་མཁའ་དམག་གིས་ཉིན་དེར་སྐོར་འདེད་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་མཚོ་དམར་མཚོ་ཁོངས་སུ་ཡོད་པའི་ཨ་མེ་རི་ཁའི་མཐར་སྐྲོད་དམག་དོན་གྲུ་གཟིངས་གཉིས་ལ་མཉམ་འབྲེལ་གྱིས་ཆམ་ཕབ་བཏང་ཡོད་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་བསྟན་དོན། ཧུའུ་སེ་དྲག་ཆས་པའི་མི་མེད་གནམ་གྲུ་དེ་དབྱི་སི་རལ་གྱི་མངའ་ཁོངས་སུ་མ་ཐོན་གོང་བདེ་བླག་ངང་བཀག་ཡོད་ཟེར།

ཨ་མེ་རི་ཁ་ཕྱོགས་ཀྱིས་མིག་སྔར་ད་རུང་ཧུའུ་སེ་དྲག་ཆས་པའི་གསལ་སྒྲོག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།