ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འབྲེལ་བ་ཡོད་པའི་མི20འཛིན་བཟུང་བྱས།
2025.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས8ཉིན་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་དབྱི་སི་ཐན་པོར་གྲོང་ཁྱེར་ནས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འབྲེལ་བ་ཡོད་པའི་མི་སྣ20འཛིན་བཟུང་བྱས།

དབྱི་སི་ཐན་པོར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་བསྟན་དོན། ཐེངས་འདིའི་འགུལ་སྐྱོད་མ་སྤེལ་གོང་། དོགས་ཡོད་མི་སྣ32ཀྱིས་ཐུར་ཁེ་ལ་འགུལ་སྐྱོད་སྤེལ་སྲིད་པར་འདོད་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་དོགས་ཡོད་མི་སྣ20འཛིན་བཟུང་བྱས་པར་མ་ཟད། མུ་མཐུད་དུ་དེའི་ལྷག་འཕྲོའི་དོགས་ཡོད་མི་སྣ་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར། ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་ཁོ་ཚོ་ཚང་མ་ཕྱི་རྒྱལ་གྱི་འཇིགས་སྐུལ་ཉེས་ཅན་དུ་ངོས་བཟུང་ཡོད་པ་དང་། དོགས་ཡོད་མི་སྣའི་སྡོད་ཁང་ལ་སྔོག་བཤེར་བྱེད་སྐབས། ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་གཅིག་དང་མདེའུ། ཕྱི་དངུལ་འདུས་པའི་སྒོར་མོ་མང་བོ་གཞུང་བཞེས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།