ཟླ4བའི་ཚེས10ཉིན། ཀྲུང་གོའི་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་མགོ་བ་ལོ་ཀྲའོ་ཧོས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོའི་སྒྲོམ་གཞིའི་ནང་གི་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད།
ལོ་ཀྲའོ་ཧོས་ཀྱིས་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ནི་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ཞིང་། 2021ལོར་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་བར་མཉམ་ལས་ཡིག་ཆ་ཐོག་མ་བཀོད་པ་ནས་བཟུང་། ཕྱོགས་གཉིས་ཀྱི་ཉིང་རྡུལ་ནུས་པའི་ཞི་བའི་བཀོལ་སྤྱོད་དང་། ལག་རྩལ་བེད་སྤྱོད། འཇོན་མིའི་གསོ་སྐྱོང་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་བཟང་བོ་རབ་དང་རིམ་པ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིར་མཉམ་ལས་ཡིག་ཆ་བཀོད་པ་དེ་མཉམ་ལས་རིམ་འཕར་གྱི་མགོ་རྩོམ་སར་བྱས་ཤིང་། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་སོགས་རྣམ་པ་མང་བོ་བརྒྱུད་དེ། ཕྱོགས་གཉིས་ཕྱོགས་མང་གི་འཕེལ་རྒྱས་ཐོན་ཁུངས་གཅིག་འདོམས་དང་། སྲིད་ཇུས་བརྗེ་རེས་སྦྲེལ་མཐུད་ལ་ཤུགས་སྣོན། དངོས་གཉེར་ལས་གཞིའི་མཉམ་ལས་རྒྱ་བསྐྱེད་སོགས་ལ་བརྟེན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2023ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།
ཀི་ལོ་ཞི་ཡིས་ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐད་བྱས་རྗེས་བཞིག་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་བར་གྲོས་འགོའི་འདུ་ཤེས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བྱས་ཤིང་། ཐུན་མོང་ལྟ་ཚུལ་མང་བའི་ཉིང་རྡུལ་ནུས་པའི་འཕེལ་རྒྱས་ཁྱབ་ཁོངས་གནད་སར་བཟུང་སྟེ། རང་རང་གི་ཐོན་ཁུངས་དང་ལག་རྩལ་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།