ཕཱ་ཁི་སི་ཐན་གྱི་མཐོ་རིམ་དཔོན་པོས་རྒྱ་གར་གྱིས་དུས་ཚོད24ནས་དུས་ཚོད36བར་ནང་དྲག་ཤུགས་སྤྱོད་པའི་ཉེན་ཁ་ཡོད་པའི་ཚུལ་བསྟན།
2025.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་གསར་འགྱུར་དང་རྒྱང་སྒྲོག་པུའུ་ཀྲང་ཐཱ་ལཱ་ཨར་གྱིས་ཚེས30ཉིན་གྱི་ཞོགས་པར་བཤད་རྒྱུར། རྒྱ་གར་གྱིས་མ་འོངས་པའི་དུས་ཚོད24ནས་དུས་ཚོད36ནང་ཕཱ་ཁི་སི་ཐན་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཉེན་ཁ་ཡོད་པ་དང་། རྒྱ་གར་ཕྱོགས་ཀྱི་དམག་དོན་བྱ་སྤྱོད་གང་ཡིན་རུང་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ས་དེའི་ཚེས30ཉིན་གྱི་ཞོགས་པའི་དུས་ཚོད2དང་སྐར་མ39སྟེང་། ཐཱ་ལཱ་ཨར་གྱིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་བློ་གཏད་རུང་བའི་གསང་འཕྲིན་ལོན་ཡོད་པ་དང་། རྒྱ་གར་གྱིས་མ་འོངས་པའི་དུས་ཚོད24ནས་དུས་ཚོད36ནང་གཞི་འཛིན་ས་ཅི་ཡང་མེད་པའི་སྐྱོན་འཛུགས་ལ་བརྟེན་ནས་ཕཱ་ཁི་སི་ཐན་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།