མའོ་ལོ་ཁོ་ནུབ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་འཇིགས་པ་ཐེབས་ནས་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར།
2025.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མའོ་ལོ་ཁོ་ས་གནས་སྨྱན་བྱད་ཀྱིས་ཚེས14ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་སཱ་ཧྥེ་ཞིང་ཆེན་དུ་ཉིན་དེར་ཆར་བ་དྲག་པོ་བབས་ཏེ། ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་ཡོད་ལ། མི20ལྷག་ལ་རྨས་ཕོག་ཡོད་ཟེར།

སཱ་ཧྥེ་ཞིང་ཆེན་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཞིང་ཆེན་དེའི་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོ་མང་བོར་ཆུ་ལོག་གི་གཏོར་བརླག་ཐེབས་པ་དང་། སྡོད་དམངས་མི་ཉུང་བ་རང་ཁྱིམ་དང་ཡང་ན་ཚོང་ཁང་དུ་ཁེགས་ཡོད། ས་དེའི་བདེ་འཇགས་དང་དམངས་སྲུང་སྡེ་ཁག་གིས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ལ། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།