སྤེལ་དུས།2016.08.29 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་སྐམ་སའི་རང་སྲུང་རུ་ཁག་གིས་ཚེས་ཉེར་བརྒྱད་ཉིན་ཅིན་ཀང་རྫོང་གི་ཧྥུའུ་ཧྲི་ཤར་མའི་སྦྱོང་བརྡར་ར་བ་ནས་འཇར་པན་རྒྱལ་ནང་གི་གཞི་རྒྱ་ཆེས་ཆེ་བའི་མདེལ་དངོས་མ་གཏོང་འཕེན་བྱེད་པའི་ཧྥུའུ་ཧྲི་ཕྱོགས་བསྡུས་མེ་ཤུགས་སྦྱོང་བརྡར་ཞེས་པའི་བྱ་འགུལ་སྤེལ། དམག་དོན་སྦྱོང་བརྡར་དེས་དགྲ་བོས་བཙན་བཟུང་བྱས་པའི་གླིང་ཕྲན་ཕྱིར་འཕྲོག་ལེན་བྱེད་པ་ལད་བཟོའི་དམིགས་འབེན་དུ་བྱས་ཏེ། སྐམ་མཚོ་མཁའ་གསུམ་གྱི་རང་སྲུང་རུ་ཁག་གིས་མཉམ་འབྲེལ་གཡུལ་འཐབ་བྱེད་པའི་སྣང་ཚུལ་མངོན་པར་བྱས།

བསྒྲགས་པ་ལྟར་ན། དེ་ནི་རང་སྲུང་རུ་ཁག་གི་ལས་འགན་རྒྱ་བསྐྱེད་པའི་བདེ་སྲུང་བཅའ་ཁྲིམས་ཟླ་གསུམ་པར་ལག་བསྟར་བྱས་པའི་ཚུན་ཐོག་དང་པོར་དམག་དོན་སྦྱོང་བརྡར་སྤེལ་བ་རེད། འཇར་པན་རྒྱལ་སྲུང་པུའུ་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེ་ལས་ལས་འགན་གསར་བའི་ནང་དོན་མཚོན་པར་བྱས་མེད་ཟེར།

དམག་དོན་སྦྱོང་བརྡར་བྱ་འགུལ་དེར་རང་སྲུང་རུ་ཁག་གི་མི་སྣ་སྟོང་གཉིས་དང་བཞི་བརྒྱ་ཙམ་ཞུགས། དམག་དོན་སྦྱོང་བརྡར་ལས་ཧྥུའུ་ཧྲི་རི་བོའི་འདབས་རོལ་གྱི་སྦྱོང་བརྡར་ར་བ་དེ་གླིང་ཕྲན་གྱི་ཚུལ་དུ་བཟུང་ཞིང་། མཁའ་འགྲུལ་རང་སྲུང་རུ་ཁག་གིF-2རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་བར་སྣང་ནས་དགྲ་བོའི་གྲུ་གཟིངས་ལ་དཔུང་འཇུག་བྱས། གྱེན་འཕུར་གནམ་གྲུའི་དམག་དཔུང་གིས་དགྲ་བོའི་གནས་ཚུལ་ལ་མྱུལ་ཞིབ་བྱས་རྗེས། ཐན་ཁི་འཁོར་ལོ་སོགས་ཀྱིས་བསྟུད་མར་ཕར་རྒོལ་བྱས་པ་རེད།

ཧྥུའུ་ཧྲི་ཕྱོགས་བསྡུས་མེ་ཤུགས་སྦྱོང་བརྡར་ནི་གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོ་ནས་བཟུང་ལོ་རེ་བཞིན་སྤེལ་བ་རེད། འཇར་པན་རྒྱལ་སྲུང་བློན་ཆེན་ཏའོ་ཐེན་ཕིན་མཱེ་སོགས་རྒྱལ་སྲུང་པུའུ་ཡི་མགོ་ཁྲིད་མི་སྣས་ཚེས་ཉེར་བརྒྱད་ཉིན་གྱི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ལྟ་ཞིབ་བྱས།

 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།