སྤེལ་དུས།2016.10.04 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ནས་ཚེས་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་ཡིས་ཚེས་གསུམ་ཉིན་དབུས་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། བསྡོམས་པས་མཁའ་འབབ་དམག་མི་སྟོང་ལྔ་ལྷག་བྱ་འགུལ་ལ་ཞུགས།

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཕུའུ་སི་ཁི་ཧྥུའུ་ཀྲིག་ཏུ་བཀོད་སྒྲིག་བྱས་པའི་མཁའ་འབབ་ཁྲི་ཤོག་དོན་དྲུག་པ་དང་ཨུ་རུ་སིའི་དབུས་ཕྱོགས་ཀྱི་དབྱེ་ཝན་ནོའུ་བོ་ཀྲིག་ཏུ་བཀོད་སྒྲིག་བྱས་པའི་མཁའ་འབབ་ཁྲི་ཤོག་གོ་བརྒྱད་པས་ཚེས་གསུམ་ཉིན་ནས་བཟུང་མཁའ་འབབ་དམག་དཔུང་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། མཁའ་འབབ་དམག་མི་སྟོང་ལྔ་ལྷག་སྦྱོང་བརྡར་ལ་ཞུགས། བསྡོམས་པས་དམག་དོན་སྒྲིག་ཆས་དང་དམིགས་བསལ་སྒྲིག་ཆས་དགུ་བརྒྱ་ལྷག་བེད་སྤྱོད་བྱས། དམག་དོན་སྦྱོང་བརྡར་སྐབས་སུ་དམག་དོན་སྦྱོང་བརྡར་ས་ཁུལ་ནས་མཆོངས་གདུགས་ལ་བརྟེན་ནས་དམག་མོ་སྟོང་གཉིས་དང་ལྔ་བརྒྱ་ལྷག་དང་དམག་དོན་སྒྲིག་ཆས་ཉི་ཤུ་མཁའ་ལས་འབེབ་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཚེས་བཅུའི་ཉིན་བར་རྒྱུན་བསྲིང་རྒྱུ་རེད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།