སྤེལ་དུས།2016.10.05 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
0
0

སོ་ཏི་ཨ་རབ་ཀྱི་མཚོ་དམག་གིས་ཚེས་བཞི་ཉིན་ནས་བཟུང་མཚོ་ཁུགས་དང་ཧའོ་ཨར་མུའུ་ཙི་མཚོ་འགག ཨ་མན་མཚོ་ཁོངས་བཅས་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་སོ་ཏི་ཨ་རབ་ཀྱི་ཉེ་བའི་ལོ་འགའི་རིང་མཐོང་དཀོན་པའི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཞིག་རེད།

དམག་དོན་སྦྱོང་བརྡར་གྱི་སྤྱི་ཁྱབ་དམག་སྤྱི་མཱ་ཅི་ཏི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལ་ཞུགས་མཁན་ནི་གཙོ་བོ་ནི་སོ་ཏི་ཨ་རབ་ཤར་ཕྱོགས་ཀྱི་མཚོ་དམག་གི་གྲུ་གཟིངས་རུ་ཁག་ཡིན་པ་དང་། མཚོ་དམག་སྐམ་འཐབ་རུ་ཁག་དང་མཚོ་ཐོག་གི་དམིགས་བསལ་བདེ་འཇགས་དམག་དཔུང་སོགས་ཀྱང་ཞུགས་ཡོད་པར་མ་ཟད། འཐབ་འཛིང་གནམ་གྲུ་དང་འཐབ་འཛིང་གྲུ་གཟིངས། མྱུར་བགྲོད་གྲུ་གཟིངས་སོགས་བེད་སྤྱོད་བྱས་ཡོད། སྦྱོང་བརྡར་གྱི་རྣམ་གྲངས་ལ་བར་སྣང་འཐབ་འཁྲུག་དང་། མཚོ་ཐོག་དང་མཚོ་འོག་གི་འཐབ་འཁྲུག གློག་རྡུལ་འཐབ་འཁྲུག མདེལ་དངོས་མའི་གཏོང་འཕེན་བཅས་ཡོད་ཟེར།

མཱ་ཅི་ཏི་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་སོ་ཏི་ཨ་རབ་ཀྱི་མཚོ་དམག་གི་དམག་གྲབས་ཆུ་ཚད་དང་དངོས་འཐབ་ནུས་པ་ཇེ་མཐོར་བཏང་སྟེ། སོ་ཏི་ཨ་རབ་ལ་ཕྱི་དགྲའི་དཔུང་འཇུག་མི་ཐེབས་པར་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར།

སོ་ཏི་ཨ་རབ་ཀྱི་ཐེངས་འདིའི་མཚོ་དམག་གི་དམག་དོན་སྦྱོང་བརྡར་ནི་ཉིན་གཉིས་ཀྱི་སྔོན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་ཐེབས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམངས་བཀོལ་གྲུ་གཟིངས་ཤིག་བསྐྱབས་པ་ཁྱབ་སྒྲོག་བྱས་རྗེས་སྤེལ་བ་རེད།

སོ་ཏི་ཨ་རབ་ཀྱིས་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཡེ་མིན་དུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་བྱ་བ་གཉེར་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པ་རེད་ཟེར། སོ་ཏི་ཨ་རབ་ཀྱིས་དེའི་སྔོན་དབྱི་ལིང་གིས་མཚོ་ལམ་བརྒྱུད་དེ་ཡེ་མིན་དང་པཱ་ལིན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་ལ་མཚོན་ཆ་སྐྱེལ་འདྲེན་བྱས་པར་སྐྱོན་འཛུགས་བྱས།

 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།