ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

ཧན་གོ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།

སྤེལ་དུས། 2016-03-08 09:41:28   ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཧན་གོ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བ
ཟླ་གསུམ་པའི་ཚེས་བདུན་ཉིན། ཧན་གོའི་ཕུའུ་ཞང་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་ཁོངས་ནས། ཧན་གོའི་དམག་ཕྱོགས་ཀྱི་ཐོལ་རྒོལ་སྐམ་སར་འབུད་པའི་རླངས་འཁོར་གྲུ་གཟིངས་ཀྱི་ཕྱོགས་སུ་བགྲོད་བཞིན་ཡོད།

ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཧན་གོའི་མངའ་ཁོངས་ནས་ཚབ་མིང་ལ་གནད་འགག་ཇུས་ཆོད་དང་བྱ་རྒོད་ཅེས་པའི་རྒྱུན་ལྡན་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། དེ་ནི་ཉིས་སྟོང་བཅུ་ལོའི་ཟླ་གསུམ་པར་ཐེན་ཨན་རྟགས་ཅན་གྱི་དོན་རྐྱེན་བྱུང་བའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གནད་འགག་ཇུས་ཆོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། བྱ་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བར་རྒྱུན་བསྲིངས་རྒྱུ་རེད། སྦྱོང་བརྡར་དེར་ཨ་མེ་རི་ཁའི་དམག་མི་ཁྲི་གཅིག་དང་སྟོང་ལྔ་དང་ཧན་གོའི་དམག་མི་འབུམ་གསུམ་ཙམ་ཞུགས་ཡོད། ཨ་མེ་རི་ཁའི་དམག་དཔུང་གིས་འཐབ་འཛིང་མཁའ་འགྲུལ་སྡེ་ཚོགས་དང་མཚོ་དམག་འཐབ་འཛིང་གནམ་གྲུའི་སྡེ་ཚོགས། དེ་མིན་ཡོ་ཧན་སི་ཐན་ནེ་སི་རྟགས་ཅན་གྱི་ཉིང་རྡུལ་ནུས་པའི་སྒུལ་ཤུགས་ཀྱི་མཁའ་འགྲུལ་གྲུ་གཟིངས་ཆེན་མོ། བར་སྣང་སྣུམ་སྣོན་གནམ་གྲུ་སོགས་སྒྲིག་ཆས་གསར་བ་སྐོར་ཞིག་བེད་སྤྱོད་བྱེད་རྒྱུ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།