ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

ཀྲུང་གོ་དང་ཨུ་རུ་སའི་ཉིས་སྟོང་བཅུ་དྲུག་ལོའི་མཚོ་ཐོག་མཉམ་འབྲེལ་ཞེས་པའི་དམག་དོན་སྦྱོང་བརྡར་ནས་མཚོ་ཐོག་གི་མཉམ་འབྲེལ་འགུལ་སྐྱོད་སྦྱོང་བརྡར་སྤེལ།

སྤེལ་དུས། 2016-09-17 08:10:04   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

9月16日,中国海军黄山舰和俄罗斯军舰“特里布茨海军上将号”反潜舰组成编队驶向演习海区。.jpg

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གོའི་མཚོ་དམག་གི་ཧོང་ཧྲན་རྟགས་ཅན་གྱི་གྲུ་གཟིངས་དང་ཨུ་རུ་སིའི་ཐི་ལི་པུའུ་ཚི་རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་གྲུ་གཟིངས་མཉམ་དུ་སྦྱོང་བརྡར་བྱེད་སའི་མཚོ་ཁོངས་སུ་འགྲོ་བཞིན་པ།

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གོ་དང་ཨུ་རུ་སའི་ཉིས་སྟོང་བཅུ་དྲུག་ལོའི་མཚོ་ཐོག་མཉམ་འབྲེལ་ཞེས་པའི་དམག་དོན་སྦྱོང་བརྡར་གྱིས་ཧྲིན་ཅང་ཤར་ངོས་ཀྱི་མཚོ་ཁོངས་ནས་མཚོ་ཐོག་གི་མཉམ་འབྲེལ་འགུལ་སྐྱོད་སྦྱོང་བརྡར་སྤེལ། སྦྱོང་བརྡར་ནས་འགུལ་བདེའི་མཐུན་སྦྱོར་བྱེད་ཐབས་ལ་བརྟེན་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་སྦྱོང་བརྡར་ཆུ་ཚད་དང་འཐབ་རྩལ་ནུས་པར་ཚད་འཇལ་བྱས། སྦྱོང་བརྡར་བྱེད་སྐབས་ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཐོག་དང་པོར་བཀོལ་བའི་ཀྲུང་གོ་དང་ཨུ་རུ་སིའི་མཉམ་འབྲེལ་ཆེད་སྤྱོད་བཀོད་འདོམ་བརྡ་འཕྲིན་མ་ལག་ལ་བརྟེན་ནས། དུས་ལྟར་གཡུལ་སའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། མྱུར་ཞིང་གཅིག་ཆོད་ཀྱི་འཐབ་འཛིང་བྱེད་ཐབས་དང་གཟབ་ནན་གྱི་འགོག་རྒོལ་འགུལ་སྐྱོད་སྤེལ་ཏེ། སྦྱོང་བརྡར་གྱི་གྲུབ་འབྲས་བཟང་བོ་མངོན་པར་བྱས་ཡོད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།