ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

དབྱི་ལིང་གིས་མཚོ་ཁུགས་མཚོ་ཁོངས་ནས་གཞི་རྒྱ་ཆེ་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

སྤེལ་དུས། 2016-12-28 09:42:39   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

དམག་དཔུང་སོ་སོའི་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འཕུར་མདའི་དངོས་འཐབ་བྱེད་ནུས་ལ་ཚོད་ལྟ་བྱེད་ཆེད། དབྱི་ལིང་གིས་མཚོ་ཁུགས་མཚོ་ཁོངས་ནས་གཞི་རྒྱ་ཆེ་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

བསྒྲགས་པ་ལྟར་ན། དབྱི་ལིང་མཁའ་སྲུང་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་ནས་བཟུང་མཚོ་ཁུགས་མཚོ་ཁོངས་དང་ཨ་རབ་མཚོ་ཁོངས་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། དེའི་དམིགས་ཡུལ་ནི་དམག་དཔུང་སོ་སོའི་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཨུ་རུ་སི་ནས་ནང་འདྲེན་བྱས་པ་དང་དབྱི་ལིང་རང་ཉིད་ཀྱིས་གསར་བཟོ་བྱས་པའི་འཕུར་མདའི་དངོས་འཐབ་བྱེད་ནུས་ལ་ཚོད་ལྟ་བྱེད་པའི་ཆེད་རེད། ཕྱེད་གླིང་བརྙན་འཕྲིན་ཁང་གི་དཔྱད་བརྗོད་ལས་བཤད་རྒྱུར། མིག་སྔར་ས་ཁུལ་དེའི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་། ཁྱད་པར་དུ་དབྱི་རག་དང་སི་རི་ཡཱའི་བར་སྣང་དུ་རྒྱལ་ཁབ་མང་བོའི་འཐབ་འཛིང་གནམ་གྲུ་འཕུར་སྐྱོད་བྱེད་བཞིན་ཡོད། དབྱི་ལིང་གིས་གོང་གི་ས་ཁུལ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཟེར།

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ནས་མཁའ་སྲུང་ས་ཁོངས་ཀྱི་བབ་བསྟུན་རང་བཞིན་དང་འཐབ་རྩལ་གྱི་སྒེར་ཚུགས་རང་བཞིན་ལ་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་བཀོད་འདོམ་དྲ་བའི་གཅིག་གྱུར་མགོ་ཁྲིད་འོག དམག་དཔུང་དང་གསར་བརྗེའི་ཉེན་སྲུང་རུ་ཁག བདེ་སྲུང་དམག་དཔུང་བཅས་ཀྱི་འབྲེལ་གཏུག་ལ་མཐུན་སྦྱོར་བྱེད་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་སྤེལ་སའི་ཁྱབ་ཁོངས་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ལྔ་བཅུ་ཙམ་ཡོད་པ་དང་། ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་དང་། ཧུའུ་ཆི་སི་ཐན་ཞིང་ཆེན། པུའུ་ཧྲི་ཨར་ཞིང་ཆེན། གླིང་ཕྲན་གསུམ་སོགས་ས་ཁུལ་མང་བོ་འདུས། དམག་དོན་སྦྱོང་བརྡར་སྐབས་སུ་ཨུ་རུ་སི་ནས་ནང་འདྲེན་བྱས་པའིS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་དང་། དབྱི་ལིང་རང་ཉིད་ཀྱིས་གསར་བཟོ་བྱས་པའི་མཁའ་སྲུང་མ་ལག་བདུན་ལ་ཚོད་ལྟ་བྱེད་རྒྱུ་རེད།

ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། གཟའ་འཁོར་གཉིས་ཀྱི་སྔོན་ལ་དབྱི་ལིང་གི་ས་ངོས་དམག་དཔུང་གིས་དབྱི་ལིང་ཤར་ལྷོའི་ས་ཁུལ་དུ་དུས་ཡུན་ཉིན་གསུམ་རིང་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དམིགས་ཡུལ་ནི་དབྱི་ལིང་དམག་དཔུང་གིས་འཇིགས་ཉེན་སྣ་ཚོགས་ཐག་གཅོད་པའི་མྱུར་ཚད་ཇེ་མཐོར་གཏོང་བའི་ཆེད་དུ་རེད་ཟེར།

ཟླ་འདིའི་ཟླ་སྟོད་ལ། དབྱི་ལིང་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་མཱ་སུའུ་ཏི་ཡིས་བསྟན་དོན། དབྱི་ལིང་གིས་མཚོ་ཁུགས་ས་ཁུལ་ཡོངས་ལ་ཚོད་འཛིན་བྱས་ཡོད་པ་དང་། དགྲ་བོའི་དམག་དཔུང་དང་དེའི་སྒྲིག་ཆས་སོགས་དབྱི་ལིང་གིས་ཆམ་ཕབ་གཏོང་བའི་ཁྱབ་ཁོངས་སུ་ཡོད་ཟེར།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།