ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིས་འཇར་པན་དུF35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཀོད་སྒྲིག་བྱས།

སྤེལ་དུས། 2017-01-12 09:28:04   ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིསF35—Bརྟགས་ཅན་གྱི་ཡིབ་ནུས་ལྡན་པའི་འཐབ་འཛིང་གནམ་གྲུ་བཅུ་མངག་པ་དང་། ཚོད་དཔག་བྱས་ན་ཉིན་འགའི་རྗེས་སུ་འབྱོར་ཐུབ། དེ་ནི་ཨ་མེ་རི་ཁས་ཐོག་དང་པོར་རང་གི་མངའ་ཁོངས་མ་གཏོགས་པའི་ས་ཁུལ་གཞན་པར་རྩོད་གཞི་ཆེ་བའི་གནམ་གྲུ་དེ་རིགས་བཀོད་སྒྲིག་བྱས་པ་རེད།

ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིས་ཚེས་བཅུའི་ཉིན་བསྒྲགས་པའི་གནས་ཚུལ་ལས་བཤད་རྒྱུར། F35—Bརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཅུ་ཚེས་དགུའི་ཉིན་ཨ་མེ་རི་ཁའི་ཡཱ་ལེ་སིང་ནཱ་ཀྲིག་གི་རྟེན་གཞི་ནས་ལམ་དུ་ཆས་པ་དང་། དམིགས་སའི་ཡུལ་ནི་འཇར་པན་ཧྲན་ཁུག་རྫོང་གི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་ཡིན་པ་རེད། ཐེངས་འདིར་བཀོད་སྒྲིག་བྱེད་པའི་རྒྱུ་མཚན་ནི་གནམ་གྲུའི་རྣམ་པ་གསར་བས་ད་ཡོད་ཀྱི་ཐད་འབབ་ཐད་འཕུར་གྱི་འཐབ་འཛིང་གནམ་གྲུའི་ཚབ་བྱེད་པའི་ཆེད་དུ་རེད།

དེ་ལས་གཞན་ད་ལོར་ད་རུང་རིགས་དེ་མཚུངས་ཀྱི་འཐབ་འཛིང་གནམ་གྲུ་དྲུག་འཇར་པན་དུ་མངག་རྒྱུ་རེད། སྐབས་ཐོག་དེར་ཨ་མེ་རི་ཁའི་ཡན་གོ་རྟེན་གཞིའིF35—Bརྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཁ་གྲངས་བཅུ་དྲུག་ལ་བསླེབ་སྲིད།

F—35རྟགས་ཅན་གྱི་མཉམ་འབྲེལ་དཔུང་འཇུག་འཐབ་འཛིང་གནམ་གྲུ་ནི་ཨ་མེ་རི་ཁས་མནའ་མཐུན་རྒྱལ་ཁབ་རེ་འགའ་དང་མཉམ་འབྲེལ་གྱིས་གསར་སྤེལ་བྱས་པའི་སྤྱོད་སྒོ་མང་བོའི་འཐབ་འཛིང་གནམ་གྲུ་རབས་ལྔ་བ་ཡིན་པ་དང་། དེར་རྣམ་པ་གསར་བའི་མཁའ་འགྲུལ་གློག་རྡུལ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་ལ། ལེ་ཏཱ་ལས་ཡིབ་པའི་ནུས་པ་ལྡན།

ཨ་མེ་རི་ཁས་ཕྱིན་ཆད་ཀྱི་ལོ་ངོ་ཉེར་ལྔའི་རིངF—35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྟོང་གཉིས་དང་བཞི་བརྒྱ་ཞེ་གསུམ་བཟོ་སྐྲུན་བྱེད་རྒྱུ་ཡིན་ཞིང་། གན་རྒྱའི་སྤྱིའི་རིན་གོང་མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བརྒྱད་ཙམ་ཡིན་པ་དང་། ལོ་རྒྱུས་སྟེང་རིན་གོང་ཆེས་མཐོ་བའི་མཚོན་ཆའི་རྣམ་གྲངས་ཤིག་རེད། ཨ་མེ་རི་ཁའི་ཙུང་ཐུང་གསར་བ་ཐི་ལིང་ཕུའུ་ཡིས་སྔོན་ཆད་དྲ་ཐོག་ནས་དེའི་མ་རྩ་མཐོ་དྲགས་པའི་ཚུལ་བསྟན་མྱོང་།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།