ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

ཨུ་རུ་སི་ཡིས་དམིགས་བསལ་དམག་དཔུང་གིས་འཕུར་མདའི་མ་ལག་གཏོར་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

སྤེལ་དུས། 2017-01-26 08:33:51   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་གྱིས་ཚེས་ཉེར་ལྔ་ཉིན་ཞི་པའོ་ལི་ཡཱ་ས་ཁུལ་གསར་བ་ནས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དམག་དོན་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་ནི་དམིགས་བསལ་དམག་དཔུང་མངག་ནས་དགྲ་ཕྱོགས་ཀྱི་འཕུར་མདའི་མ་ལག་གཏོར་བ་དེ་རེད།

ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་གྱིས་སྤྱི་སྒྲོག་སྤེལ་ཏེ། དམག་དོན་སྦྱོང་བརྡར་སྐབས་སུ། ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་གྱིས་ཞི་པའོ་ལེ་ཡཱ་ས་ཁུལ་གསར་བར་བཀོད་སྒྲིག་བྱས་ཡོད་པའི་དམིགས་བསལ་དམག་དཔུང་གི་ཡན་ལག་རུ་ཁག་གསང་སྟབས་ཀྱིས་སྤྱི་ལེ་ཉི་ཤུ་ཙམ་སོང་སྟེ་དགྲ་བོའི་མདའ་འཕེན་ར་བར་འབྱོར་བ་དང་། མྱུལ་ཞིབ་བྱས་པ་བརྒྱུད་དགྲ་བོས་བཀོད་སྒྲིག་བྱས་པའི་འཕུར་མདའི་མ་ལག་རྙེད་པ་དང་བདེ་བླག་ངང་དེ་འགས་གཏོར་བཏང་། ཕྱིར་འཐེན་བྱེད་སྐབས་དམིགས་བསལ་དམག་དཔུང་གི་ཡན་ལག་རུ་ཁག་གིས་དགྲ་བོའི་འཕྲིན་གཏོང་མ་ལག་ལ་གཏོང་བཤིག་བཏང་བ་དང་། དགྲ་བོའི་བཀོད་འདོམ་ལྟེ་གནས་ཤིག་ཀྱང་གཏོར་བ་ཡིན་ཟེར།

དམག་དོན་སྦྱོང་བརྡར་སྐབ་སུ། དམིགས་བསལ་དམག་དཔུང་གི་ཡན་ལག་རུ་ཁག་དེས་ད་རུང་དམག་དཔུང་ཆེན་མོ་དང་རིང་དུ་གྱེས་པའི་གནས་ཚུལ་འོག་ཇི་ལྟར་གསང་སྟབས་ཀྱིས་གངས་འཁྱག་གིས་བཟུང་བའི་ས་ཁུལ་བརྒྱུད་དེ་མྱུར་མོར་འཐབ་འཛིང་ནུས་པ་སླར་བྱེད་པའི་འཐབ་རྩལ་འགུལ་སྐྱོད་སྦྱོང་བརྡར་བྱས་པ་རེད།

ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་ནི་ཨུ་རུ་སིའི་ཆེས་ཆེ་བའི་དམག་ཁུལ་ཅིག་ཡིན་པ་དང་། སྤྱི་ཁྱབ་པུའུ་ཝུའུ་ལཱ་ཨར་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡེ་ཁཱ་ཅན་ལིན་པའོ་རུ་ཡོད། དེའི་དབང་འོག་ཏུ་གཏོགས་པ་ནི་གཙོ་བོ་ཨུ་རུ་སི་ཡིས་ཧྥུའུ་ཨར་ཅཱ་གཙང་འགྲམ་ས་ཁུལ་དང་ཝུའུ་ལཱ་ཨར་ས་ཁུལ། ཞི་པའོ་ལེ་ཡཱའི་ཤར་ཕྱོགས་ས་ཁུལ་བཅས་སུ་བཀོད་སྒྲིག་བྱས་པའི་དམག་དཔུང་དག་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།