ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

དབྱི་ལིང་གི་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་དམག་དཔུང་གིས་གཞི་རྒྱ་ཆེ་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

སྤེལ་དུས། 2017-02-05 09:31:28   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

དབྱི་ལིང་གི་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་དམག་དཔུང་གིས་ཚེས་བཞིའི་ཉིན་དབྱི་ལིང་བྱང་ཕྱོགས་ས་ཁུལ་ནས་གཞི་རྒྱ་ཆེ་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་སྤེལ་སའི་གནས་ནི་དབྱི་ལིང་བྱང་ཕྱོགས་ཀྱི་སེ་མུའུ་ནན་ཞིང་ཆེན་ཡིན་པ་དང་། དམག་དོན་སྦྱོང་བརྡར་སྤེལ་སའི་ཁྱབ་ཁོངས་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་གསུམ་དང་གྲངས་ཆུང་ལྔ་ཡོད། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་དམག་དཔུང་གིས་ཕྱི་ཕྱོགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པའི་འགོག་སྲུང་ནུས་པར་ཤུགས་སྣོན་པའི་ཆེད་ཡིན་ལ། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་དབྱི་ལིང་གིས་གསར་སྤེལ་བྱས་པའི་ལེ་ཏཱའི་མ་ལག་དང་བཀོད་འདོམ་འཐབ་རྩལ་མ་ལག གློག་རྡུལ་ཚོད་འཛིན་འཐབ་རྩལ་མ་ལག་བཅས་ལ་ཚོད་ལྟ་བྱེད་པ་སོགས་འདུས།

དབྱི་ལིང་གིས་ཉེ་སྔོན་འཕུར་མདའ་གཏོང་འཕེན་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་བཞིན་ཡོད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།