ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

དཔའ་རྟུལ་གྱི་འགྲན་སྡུར་ཞེས་པའི་རྒྱལ་སྤྱིའི་དམིགས་བསལ་དམག་དཔུང་གི་དྲག་རྩལ་འགྲན་སྡུར་སྐབས་དགུ་བ་ཅོར་ཏན་ནས་སྤེལ་མགོ་བརྩམས།

སྤེལ་དུས། 2017-05-01 08:56:08   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

དཔའ་རྟུལ་གྱི་འགྲན་སྡུར་ཞེས་པའི་རྒྱལ་སྤྱིའི་དམིགས་བསལ་དམག་དཔུང་གི་དྲག་རྩལ་འགྲན་སྡུར་སྐབས་དགུ་བ་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ཉེ་འདབས་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱའི་ཆེད་འཐབ་སྦྱོང་བརྡར་ལྟེ་གནས་ནས་སྤེལ་མགོ་བརྩམས།

མགོ་རྩོམ་པའི་མཛད་སྒོའི་སྟེང་ཅོར་ཏན་གྱི་དམིགས་བསལ་དམག་དཔུང་གིས་མང་ཚོགས་ལ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་སྦྱོང་བརྡར་གྲུབ་འབྲས་འགྲེམ་སྟོན་བྱས།

ཐེངས་འདིར་བསྡོམས་པས་ཅོར་ཏན་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་མེ་རི་ཁ། ཀྲུང་གོ། ཕུའུ་ཐའོ་ཡཱ། ཨ་ཧྥེ་རི་ཁ་ལྷོ་མ་སོགས་རྒྱལ་ཁབ་བཅུ་བདུན་ནས་ཡོང་བའི་རུ་ཁག་སོ་གཉིས་འགྲན་སྡུར་ལ་ཞུགས་པ་དང་། ཁོ་ཚོས་དུས་ཡུན་ཉིན་ལྔའི་དུས་ཚོད་ནང་རྣམ་གྲངས་མང་བོའི་ཐད་ནས་རིམ་བཞིན་འགྲན་རྩོད་བྱེད་རྒྱུ་རེད།

འགྲན་སྡུར་ལ་ཞུགས་པའི་ཀྲུང་གོའི་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་རུ་ཁག་ལ་བསྡོམས་པས་འགྲན་ཞུགས་པ་བཅུ་བཞི་ཡོད་པ་དང་། ཉིས་སྟོང་བཅུ་བཞིའི་ལོར། ཀྲུང་གོའི་དྲག་ཆས་ཉེན་རྟོག་དམག་དཔུང་གི་གསའ་ཞེས་པའི་ཐོལ་རྒོལ་རུ་ཁག་གིས་དཔའ་རྟུལ་གྱི་འགྲན་སྡུར་ཞེས་པའི་རྒྱལ་སྤྱིའི་དམིགས་བསལ་དམག་དཔུང་གི་དྲག་རྩལ་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།