ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

ཧཱ་སག་སི་ཐན་གྱིས་རང་བཙན་བྱས་པའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་དམག་གཟིགས་མཛད་སྒོ་སྤེལ།

སྤེལ་དུས། 2017-05-08 09:39:02   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་ཚེས་བདུན་ཉིན་ཧཱ་སག་སི་ཐན་རང་བཙན་བྱས་པའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་དམག་གཟིགས་མཛད་སྒོ་སྤེལ་ཏེ། དམག་དཔུང་བཙུགས་ནས་ལོ་ངོ་ཉེར་ལྔ་འགོར་བ་དང་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་གཉིས་འགོར་བར་རྗེས་དྲན་བྱས།

ཉིན་དེར་བསྡོམས་པས་རྒྱལ་སྲུང་པུའུ་དང་། སྐམ་དམག མཁའ་དམག མཚོ་དམག་སོགས་ཀྱི་དམག་མི་སྟོང་ལྔ་ལྷག་གིས་གྲུབ་པའི་རུ་ཁག་སུམ་ཅུ་ལྷག་དམག་གཟིགས་མཛད་སྒོར་ཞུགས། དེ་ལས་གཞན་ཐན་ཁི་འཁོར་དང་འཁྲབ་ལྡན་འཁོར་ལོ་སུམ་བརྒྱ་དང་། དམག་བཀོལ་གནམ་གྲུ་བརྒྱད་ཅུ་ལྷག་དམག་གཟིགས་མཛད་སྒོར་ཞུགས། དམག་གཟིགས་མཛད་སྒོའི་སྟེང་འགྲེམ་སྟོན་བྱས་པའི་མཚོན་ཆ་ལ་ད་རུང་མེ་ཤུགས་སྒྱོགས་མདེལ་དང་། ཐན་ཁིར་རྒོལ་བའི་འཕུར་མདའི་མ་ལག འཐབ་རྩལ་འཕུར་མདའ་སོགས་ཡོད།

ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཧཱ་སག་སི་ཐན་གྱི་དྲག་ཆས་དམག་དཔུང་གི་ཆེས་མཐོའི་བཀོད་འདོམ་པ་ཡིན་པའི་ཆ་ནས་དམག་གཟིགས་བྱས་པར་མ་ཟད་གཏམ་བཤད་སྤེལ་ཏེ། ཧཱ་སག་སི་ཐན་གྱི་དྲག་ཆས་དམག་དཔུང་དེང་རབས་ཅན་གྱི་ལོ་རྒྱུས་དུས་རིམ་དུ་བསླེབ་ཡོད་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དེ་ཧཱ་སག་སི་ཐན་གྱི་དྲག་ཆས་དམག་དཔུང་གི་ལས་འགན་གསར་བར་གྱུར་ཡོད་ལ། ཧཱ་སག་སི་ཐན་གྱི་དྲག་ཆས་དམག་དཔུང་གིས་དུས་ངེས་མེད་དུ་འཇིགས་ཉེན་གང་རུང་མཐར་སྐྲོད་གཏོང་བར་གྲ་སྒྲིག་བྱས་ཡོད་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།