ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

ཨེ་ཅིབ་དང་ཁི་ཝེ་ཐི་ཡིས་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

སྤེལ་དུས། 2017-08-07 08:49:11   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཨེ་ཅིབ་དང་ཁི་ཝེ་ཐིའི་མཁའ་དམག་གིས་ཚེས་དྲུག་ཉིན་ནས་བཟུང་ཨེ་ཅིབ་ནས་ཚབ་མིང་ལ་ཡེ་ཨར་མུའུ་ཁི་གསུམ་པ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས།

ཨེ་ཅིབ་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་དེ་ལ་བར་སྣང་ནས་ཆམ་ཕབ་གཏོང་བ་དང་། འགོག་སྲུང་། དགྲ་བོའི་དམིགས་འབེན་ལ་བར་སྣང་ནས་མྱུལ་ཞིབ་བྱེད་པ་སོགས་ཀྱི་སྦྱོང་བརྡར་ནང་དོན་འདུས་པ་རེད།

བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་དེ་སྤེལ་བའི་དམིགས་ཡུལ་ནི་ཨེ་ཅིབ་དང་ཁི་ཝེ་ཐི་ཡིས་མཉམ་དུ་བར་སྣང་ལས་འགན་ལག་བསྟར་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་དམག་དོན་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ཆེད་དུ་རེད། རྒྱལ་ཁབ་གཉིས་ཀྱིས་དེའི་སྔོན་ཉིས་སྟོང་བཅུ་ལོའི་ཟླ་བཅུ་གཉིས་པ་དང་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བར་ཡེ་ཨར་མུའུ་ཁི་དང་པོ་དང་ཡེ་ཨར་མུའུ་ཁི་གཉིས་པ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་རེད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་སེ་ཞི་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཨེ་ཅིབ་ཀྱིས་རྒྱལ་ཁབ་མང་བོའི་བར་དམག་དོན་མཉམ་ལས་མང་དུ་སྤེལ་བ་རེད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།