ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་འཐབ་ཇུས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།

སྤེལ་དུས། 2017-10-09 09:39:57   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་འཕྲལ་སྒྲུབ་དམག་དཔུང་གིས་ཚེས་བརྒྱད་ཉིན་ནས་བཟུང་ཨེ་མཱེ་ནི་ཡཱ་ནས་ཉིས་སྟོང་བཅུ་བདུན་ལོའི་རོགས་ལས་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོར་བརྡར་སྤེལ་མགོ་བརྩམས། དམག་དོན་སྦྱོང་བརྡར་དེ་ནི་རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་འཐབ་འཛིང་བྱེད་པའི་སྤུན་ཟླའི་བརྩེ་བ་ཞེས་པའི་གཞི་རྒྱ་ཆེ་བའི་འཐབ་ཇུས་དམག་དོན་སྦྱོང་བརྡར་གྱི་གྲུབ་ཆ་ཞིག་ཡིན་པ་རེད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོའི་འཐབ་འཛིང་བྱེད་པའི་སྤུན་ཟླའི་བརྩེ་བ་ཞེས་པའི་འཐབ་ཇུས་དམག་དོན་སྦྱོང་བརྡར་དེ་ཟླ་བཅུ་བའི་ཚེས་གསུམ་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ཉིན་བར་སྤེལ་རྒྱུ་ཡིན་ཞིང་། དམག་མི་ཁྲི་གཅིག་དང་སྟོང་གཉིས་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དམག་དོན་ལག་རྩལ་སྒྲིག་ཆས་ཆིག་སྟོང་ལྔ་བརྒྱ་ལྷག་དང་གནམ་གྲུ་དགུ་བཅུ་ལྷག་བཀོལ་སྤྱོད་བྱེད་རྒྱུ་རེད། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། ཀའོ་ཅཱ་སོ་ས་ཁུལ་གྱི་དྲག་ཆས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བ་དང་། རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་འཕྲལ་སྒྲུབ་དམག་དཔུང་གིས་རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་མ་ཡིན་པའི་རྒྱལ་ཁབ་ནས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱེད་པ་དང་། རི་ཁུལ་དང་བྱེ་ཁུལ་ནས་འཐབ་འཁྲུག་བྱེད་པའི་རྣམ་པ་གསར་བའི་བྱེད་ཐབས་འཚོལ་ཞིབ་བྱེད་པའི་ཆེད་དུ་རེད་ཟེར།

ཚེས་གསུམ་ཉིན་ནས་ཚེས་བདུན་ཉིན་བར། རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ལོ་སི་ཐའོ་ཧྥུའུ་ཀྲིག་ནས་ཉིས་སྟོང་བཅུ་བདུན་ལོའི་འཚོལ་བཤེར་ཅེས་པའི་འཐབ་རྩལ་དམག་དོན་སྦྱོང་བརྡར་སྤེལ། དམག་དོན་སྦྱོང་བརྡར་སྐབས་སུ། དམིགས་བསལ་དམག་དཔུང་གིས་ཁྲིམས་འགལ་དྲག་ཆས་རྩ་འཛུགས་ཀྱི་རྟེན་གཞི་གཏོར་བཤིག་གཏོང་བར་ལད་མོ་བྱས་པ་རེད།

ཉིས་སྟོང་བཅུ་བདུན་ལོའི་རོགས་ལས་ཞེས་པའི་དམག་དོན་སྦྱོང་བརྡར་དེ་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་སྤེལ་བ་ནི་ཨེ་མཱེ་ནི་ཡཱའི་མངའ་ཁོངས་ཀྱི་པཱ་ཀི་ལཱ་མུའུ་དབྱང་དང་ཨ་ལཱ་ཅི་ཡཱ་ཙི་མདའ་འཕེན་ར་བ་ཡིན་པ་རེད། རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མེ་སྒྱོགས་དང་གནམ་གྲུ། ཐན་ཁི་འཁོར་ལོ་སོགས་བཀོལ་ནས་ཁྲིམས་འགལ་དྲག་ཆས་ཚོགས་པར་ཆམ་ཕབ་གཏོང་རྒྱུ་མ་ཟད། མཁའ་འབབ་དང་གློག་རྡུལ་འགྲན་རྒོལ། བཟོ་སྐྲུན་དང་འཕྲིན་གཏོང་སོགས་དམག་དཔུང་མི་འདྲ་བའི་བར་རོགས་ལས་སྦྱོང་བརྡར་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་བདུན་ལོའི་རོགས་ལས་ཞེས་པའི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས། རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་ཧཱ་སག་སི་ཐན་ནས་ཉིས་སྟོང་བཅུ་བདུན་ལོའི་རྟག་བརྟན་གྱི་སྤུན་ཟླའི་བརྩེ་བ་ཞེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་ཐཱ་ཅི་ཁི་སི་ཐན་ནས་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།