​ཨ་སེ་པེད་ཅང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།
2019.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་སེ་པེད་ཅང་གིས་ཚེས་བཅུ་དྲུག་ཉིན་ནས་བཟུང་རང་གི་མངའ་ཁོངས་སུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་བྱེད་པའི་དམག་དཔུང་དག་གསང་སྟབས་ཀྱིས་སྦྱོང་བརྡར་བྱེད་སའི་ས་ཁོངས་སུ་གཅིག་བསྡུས་བཀོད་སྒྲིག་བྱེད་པ་ཡོངས་འགྲུབ་བྱས་ཡོད་ལ། བཀོད་འདོམ་པུའུ་ཡི་བཀའ་རྒྱའི་འོག་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད། དམག་དོན་སྦྱོང་བརྡར་དེ་ཟླ་དགུ་བའི་ཚེས་ཉི་ཤུའི་ཉིན་བར་རྒྱུན་བསྲིང་རྒྱུ་རེད། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་ནི་རི་ཁུལ་ཁོར་ཡུག་ཏུ་ཡུལ་བབ་བཟང་བོ་བེད་སྤྱོད་བྱས་ཤིང་། སྔོན་འགོག་རང་བཞིན་གྱི་དགྲ་བོར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་བརྟེན་ནས་དགྲ་བོའི་དཔུང་འཇུག་གཡོ་ཇུས་ཕམ་ཉེས་སུ་གཏོང་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་དམག་དཔུང་གི་འཐབ་འཛིང་ནུས་པ་དང་བློ་སྤོབས། མཁོ་སྒྲུབ་ཀྱི་འགན་སྲུང་ནུས་པ་བཅས་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ཟེར། 

དམག་དོན་མི་སྣ་ཁྲི་གཅིག་ཙམ་དང་། ཐན་ཁི་འཁོར་ལོ་དང་འཁྲབ་ལྡན་འཁོར་ལོ་བརྒྱ་ལྷག མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་མ་ལག་བརྒྱ་དང་ཉི་ཤུ། གནམ་གྲུ་ཉི་ཤུ་ཙམ་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།