བྱང་ཆིངས་རྩ་འཛུགས་ཀྱིས་ལི་ཐའོ་ཝན་ནས་དམག་དོན་འགུལ་སྐྱོད་སྤེལ། 
2020.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 103

ནུབ་ཀྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་དང་གྲོགས་པོའི་རྒྱལ་ཁབ་གཞན་པའི་མཁའ་དམག་གིས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཚབ་མིང་ལ་ལཱ་མུའུ་ཧྲི་ཐེ་ཡུན་མཉམ་འབྲེལ་ཞེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། 

ལི་ཐའོ་ཝན་གྱི་དྲག་ཆས་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ད་ལོར་ལི་ཐའོ་ཝན་ནས་སྤེལ་བའི་དུས་བཅད་ཀྱི་དམག་དོན་སྦྱོང་བརྡར་འདིའི་དམིགས་ཡུལ་ནི་བྱང་ཆིངས་རྩ་འཛུགས་དང་གྲོགས་པོའི་རྒྱལ་ཁབ་ཀྱི་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་ས་ཁོངས་དང་བར་སྣང་གི་ལྟ་རྟོག་དང་བར་སྣང་སྐོར་གཡེང་། སྔོག་བཤེར་སོགས་བར་སྣང་གི་ནུས་པའི་བཀོད་འདོམ་དང་ཚོད་འཛིན་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་ཟེར། 

ལི་ཐའོ་ཝན་དང་པུ་ལི་ཧྲི། ཕོ་ལན། འཇར་མན། སུའེ་ཏེན། ཧྥུན་ལན་བཅས་ཀྱི་འཐབ་འཛིང་གནམ་གྲུ་དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་བར་སྣང་ཉེན་བརྡ་གཏོང་བའི་གནམ་གྲུས་མཁའ་ཁོངས་ཚོད་འཛིན་གྱི་ལས་འགན་གཙོ་བོ་ཁུར་དུ་བལངས་ཡོད། 

ལཱ་མུའུ་ཧྲི་ཐེ་ཡུན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ་ལོ་རེ་བཞི་ལཱ་ཐའོ་ཝེ་ཡཱ་དང་ཨེ་སོ་ནི་ཡཱ། ལི་ཐའོ་ཝན་བཅས་རྒྱལ་ཁབ་གསུམ་གྱི་གང་རུང་ནས་ཐེངས་གསུམ་ལ་སྤེལ་བཞིན་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།