ཨུ་རུ་སི་ཡིས་རྒྱལ་ཁའི་ཉིན་མོའི་བར་སྣང་དམག་གཟིགས་ཀྱི་སྔོན་སྦྱོང་བྱ་འགུལ་སྤེལ།
2020.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 74

ཨུ་རུ་སི་ཡིས་ཚེས་བཞི་ཉིན་རྒྱལ་ས་མའོ་སི་ཁི་ནས་རྒྱལ་ཁའི་ཉིན་མོའི་བར་སྣང་དམག་གཟིགས་ཀྱི་སྔོན་སྦྱོང་བྱ་འགུལ་སྤེལ་ཏེ། མི་འགྱངས་པར་ཐོན་ལ་ཉེ་བའི་རྒྱལ་ཁའི་ཉིན་མོའི་བར་སྣང་དམག་གཟིགས་ལ་གྲ་སྒྲིག་བྱས། 

ད་ལོ་ནི་ཨུ་རུ་སིའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན་པ་རེད། ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། གནམ་གྲུའི་སྒུལ་འཁོར་གྱི་ལྡིར་སྒྲས་མའོ་སི་ཁོའི་ལྷིང་འཇགས་དཀྲོགས་པ་དང་། འཐབ་འཛིང་གནམ་གྲུ་མང་བོ་མའོ་སི་ཁིའི་བར་སྣང་དུ་འཕུར། གནམ་གྲུ་དེ་དག་གིས་རྒྱལ་ཁའི་ཉིན་མོའི་བར་སྣང་དམག་གཟིགས་ལ་སྔོན་སྦྱོང་བྱེད་བཞིན་ཡོད་པ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞིའི་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་དམར་ཐང་ཉེ་འདབས་ཀྱི་ཡཱ་ལེ་ཧྲན་ཏཱ་མེ་ཏོག་ལྡུམ་ར་ནས་ཐེངས་འདིའི་བར་སྣང་དམག་གཟིགས་ཀྱི་སྔོན་སྦྱོང་ལ་ལྟ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གསོ་སོས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁའི་ཉིན་མོའི་བར་སྣང་དམག་གཟིགས་བྱ་འགུལ་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།