ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱིས་རྣམ་པ་གསར་བའི་ཐན་ཁི་འཁོར་ལོ་བརྒྱ་ལྷག་དང་ལེན་བྱེད་རྒྱུ་རེད།
2020.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 140

ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གསར་འགྱུར་ཁྲུའུ་ཡིས་ཚེས་ཉེར་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། དམག་ཁུལ་དེ་ཡིས་ད་ལོའི་ལོ་སྨད་དུ་རྣམ་པ་གསར་བའི་ཐན་ཁི་འཁོར་ལོ་བརྒྱ་ལྷག་དང་ལེན་བྱེད་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྣམ་པ་གསར་བའི་ཐན་ཁི་འཁོར་ལོ་དེ་དག་ལ་རྒྱང་རིང་མིག་ཐིག་ཚད་འཇལ་མ་ལག་སྒྲིག་སྦྱོར་བྱས་ཡོད་པས་དམིགས་འབེན་མྱུར་དུ་རྙེད་པ་དང་ཚར་གཅོད་བྱེད་པར་ཕན་ཐོགས་ཡོད་པ་དང་། རྣམ་པ་གསར་བའི་འཆར་བྱེད་མ་ལག་སྒྲིག་སྦྱོར་བྱས་ཡོད་པས་ཁ་ལོ་བས་ཐན་ཁི་འཁོར་ལོའི་བགྲོད་ལམ་གསལ་བོར་རྟོགས་པར་ཕན་ཐོགས་ཡོད་པ་དང་ཁ་ལོ་བསྒྱུར་ཐབས་སྔར་ལས་སྟབས་བདེ་ཡིན་ཟེར། 

དེ་ལས་གཞན་རྣམ་པ་གསར་བའི་ཐན་ཁི་འཁོར་ལོ་དེར་རྟ་ཤུགས་སྟོང་གཅིག་དང་བརྒྱ་དང་སུམ་ཅུ་ཅན་གྱི་ཁྲེ་སྣུམ་སྒུལ་འཁོར་དང་རྣམ་པ་གསར་བའི་འགོག་སྲུང་མ་ལག་སོགས་སྒྲིག་སྦྱོར་བྱས་ཡོད། 

ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་ནི་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་ཁུལ་ལྔའི་ཡ་གྱལ་ཡིན་པ་དང་། སྤྱི་ཁྱབ་པུའུ་ཧྲིན་པུས་ཏི་པའོ་རུ་ཡོད། ཉེ་བའི་ལོ་འགའི་རིང་ལ་ཨུ་རུ་སི་ཡིས་དམག་དཔུང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། དྲག་ཆས་དང་སྒྲིག་ཆས་ཀྱི་དེང་རབས་ཅན་གྱི་རིམ་འཕར་བྱེད་བཞིན་ཡོད། ཨུ་རུ་སིའི་དམག་དཔུང་གིས་སྒྲིག་ཆས་བརྗེ་སྤོར་བྱེད་པའི་འཆར་གཞི་ལྟར་ན། ཨུ་རུ་སིའི་དམག་དཔུང་གི་དེང་རབས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་ཀྱི་བསྡུར་ཚད་ཉིས་སྟོང་ཉི་ཤུའི་ལོར་བརྒྱ་ཆའི་བདུན་ཅུར་བསླེབ་དགོས་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།