ཨུ་རུ་སི་དང་ཨེ་ཅིབ་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་མཛའ་བརྩེའི་འབྲེལ་ཟམ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2020.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སི་དང་ཨེ་ཅིབ་ཀྱིས་ཚེས་བཅུ་བདུན་ཉིན་མཚོ་ནག་ནས་ཉིས་སྟོང་ཉི་ཤུ་ལོའི་མཛའ་བརྩེའི་འབྲེལ་ཟམ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། 

ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨུ་རུ་སི་དང་ཨེ་ཅིབ་ཀྱི་མཚོ་ཐོག་བདེ་འཇགས་ལ་ཤུགས་སྣོན་པའི་དམག་དོན་མཉམ་ལས་ཤིག་ཡིན་པ་དང་། དམག་དོན་སྦྱོང་བརྡར་ཁྲོད་དུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་ངོས་དང་བར་སྣང་གི་དམིགས་འབེན་ལ་ཆམ་ཕབ་གཏོང་བ་དང་མཉམ་དུ་འགོག་སྲུང་སྦྱོང་བརྡར་བྱེད་རྒྱུ་མ་ཟད། གར་སོང་མ་རྙེད་པའི་གྲུ་གཟིངས་ཀྱི་སྔོག་བཤེར་དང་ཆུའི་ནང་ལྷུང་བའི་མི་སྣའི་རོགས་སྐྱོར་སོགས་ཀྱི་སྦྱོང་བརྡར་ཡང་སྤེལ་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཕྱོགས་ཀྱི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་གྲུ་གཟིངས་ལ་མཱ་ཁཱ་ལོ་ཧྥུའུ་མཚོ་དམག་དམག་དཔོན་རྟགས་ཅན་གྱི་འགེབས་སྲུང་གྲུ་གཟིངས་སོགས་འདུས། 

ཨུ་རུ་སི་དང་ཨེ་ཅིབ་ཀྱི་མཛའ་བརྩེའི་འབྲེལ་ཟམ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཉིས་སྟོང་བཅོ་ལྔ་ལོ་ནས་སྤེལ་མགོ་བརྩམས་པ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཚེས་ཉེར་བཞིའི་ཉིན་བར་སྤེལ་རྒྱུ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།