དབྱི་ལིང་གིས་ནུབ་བྱང་མཐའ་མཚམས་ས་ཁུལ་དུ་དམག་དོན་སྦྱོང་བརྡར་སྤེལ། 
2021.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 82

དབྱི་ལིང་སྐམ་སའི་ས་ངོས་དམག་དཔུང་གིས་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་དབྱི་ལིང་གི་ཨ་སེ་པེད་ཅང་དང་ཉེ་བའི་ནུབ་བྱང་མཐའ་མཚམས་ས་ཁུལ་ནས་ཚབ་མིང་ལ་ཧེ་པེད་ཨར་གྱི་དབང་འདུལ་མཁན་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། འཁྲབ་ལྡན་འཁོར་ལོ་དང་མེ་སྒྱོགས། མི་བསྡད་མེད་པའི་གནམ་གྲུ། གློག་རྡུལ་འཐབ་འཛིང་མ་ལག་སོགས་ཀྱིས་གྱེན་འཕུར་གནམ་གྲུའི་བར་སྣང་གི་རྒྱབ་སྐྱོར་འོག་དམག་དོན་སྦྱོང་བརྡར་ལ་ཞུགས། 

དབྱི་ལིང་སྐམ་སའི་ས་ངོས་དམག་དཔུང་གི་དམག་སྤྱི་ཧེ་ཏཱ་ལི་ཡིས་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། དམག་དོན་སྦྱོང་བརྡར་བྱེད་སྐབས་ཡང་དག་པའི་སྒོ་ནས་དམིགས་འབེན་ལ་ཕོག་ཐུབ་པ་དང་འཕུར་སྐྱོད་ཡུན་ཚད་རིང་བའི་མི་བསྡད་མེད་པའི་གནམ་གྲུ་དང་། རྣམ་པ་གསར་བའི་གློག་རྡུལ་འཐབ་འཛིང་མ་ལག་སོགས་དམག་དོན་སྒྲིག་ཆས་གསར་བར་ཚོད་ལྟ་བྱེད་རྒྱུ་རེད། དམག་དོན་སྦྱོང་བརྡར་གྱི་དམིགས་འབེན་ནི་ས་ཁུལ་དེའི་ས་ངོས་དམག་དཔུང་གི་དམག་གྲབས་རྣམ་པའི་ཆུ་ཚད་མཐོར་འདེགས་བྱེད་ཆེད་ཡིན་ཟེར། དམག་དོན་སྦྱོང་བརྡར་དེའི་སྤེལ་ཡུན་དང་སྤེལ་སའི་ཁྱབ་ཁོངས་བྱེ་བྲག་ཏུ་གསལ་བོར་བརྗོད་མེད། 

ཧེ་ཏཱ་ལི་ཡིས་བཤད་རྒྱུར། ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་བར་ཉིས་སྟོང་ཉི་ཤུ་ལོར་ནཱ་ཁཱའི་གནད་དོན་དབང་གིའ་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་སྐབས་སུ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དག་ས་ཁུལ་དེར་བསླེབས་ཡོད་པ་དང་། ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དག་ས་ཁུལ་དེའི་རྒྱལ་ཁབ་དག་ཏུ་རྒྱ་ཡན་དུ་འགྲོ་སྲིད་པ་དང་དབྱི་སི་རལ་གྱི་མཉམ་བསྲེས་སོགས་ལས་ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་གལ་ཆེན་རང་བཞིན་ཇེ་ཆེར་སོང་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།