ཁྲའོ་ཞན་གྱིས་དམག་གཟིགས་མཛད་སྒོ་བསྡུས་ནས་མི་དམངས་དམག་དཔུང་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་རྟེན་འབྲེལ་ཞུས། 
2023.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་བརྒྱད་ཉིན་གྱི་དགོང་མོར་རྒྱལ་ས་ཕེན་རང་གི་ཅིན་རི་ཁྲིན་ཐང་ཆེན་ནས་དམག་གཟིགས་མཛད་སྒོ་བསྡུས་ཏེ། ཁྲའོ་ཞན་མི་དམངས་དམག་དཔུང་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དམག་གཟིགས་མཛད་སྒོར་ཞུགས་པར་མ་ཟད་ལྟ་ཞིབ་བྱས། 

བསྒྲགས་པ་ལྟར་ན། དམག་གཟིགས་མཛད་སྒོའི་སྟེང་། མཁའ་དམག་གིས་དམག་གཟིགས་འཕུར་སྐྱོད་བྱས། དམག་གཟིགས་མཛད་སྒོའི་སྟེང་རྒྱལ་སྲུང་སྟོབས་ཤུགས་ཀྱི་སྔོན་ཐོན་རང་བཞིན་དང་དེང་རབས་རང་བཞིན། སྟོབས་ལྡན་རང་བཞིན་བཅས་ལྡན་པའི་མི་དམངས་དམག་དཔུང་གི་གཙོ་ཤུགས་མཚོན་ཆ་དང་སྒྲིག་ཆས་འགྲེམ་སྟོན་བྱས། དེའི་ནང་མི་དམངས་དམག་དཔུང་གི་འཐབ་འཛིང་ནུས་པའི་མཚོན་རྟགས་སུ་གྱུར་བའི་ཐན་ཁི་འཁོར་ལོའང་འདུས། 

བསྒྲགས་པ་ལྟར་ན། དམག་གཟིགས་མཛད་སྒོ་ལས་ད་རུང་འཐབ་རྩལ་འཕུར་མདའ་དང་རྒྱང་འཕེན་སྐོར་ཞིབ་འཕུར་མདའ་འགྲེམ་སྟོན་བྱས། འཐབ་རྩལ་ཉིང་རྡུལ་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་དམག་དཔུང་རུ་ཁག་དང་ཆེས་ཆེ་བའི་ཉིང་རྡུལ་ནུས་པའི་དཔུང་འཇུག་ནུས་པ་ལྡན་པ་མཚོན་པའི་གླིང་ཆེན་བར་གྱི་འཕུར་མདའི་རུ་དཔུང་ལ་ཆེས་མཇུག་མཐར་ལྟ་ཞིབ་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།