
ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཉིས་སྟོང་དགུ་ལོའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་མང་འཕྲིན་ཚོགས་ཁང་ནས་ཚོགས། འདི་ནི་ཚོགས་ར་རེད།

མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ཏང་ཙུའུ་ཁོངས་མི། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཐེ་ཀྲང་ཉིག་ཧེ་མེན་གྱིས་ཚོགས་ཐོག་ནས་ཉིས་སྟོང་དགུ་ལོའི་བྱ་བར་སྤྱི་སྡོམ་དང་ཉིས་སྟོང་བཅུ་ལོའི་བྱ་བར་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལའེ་བན་ཕིན་གྱིས་ཚོགས་ཐོག་ནས་གཏམ་བཤད་བཞིན་པ།

མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཐེ་ཀྲང་གཞོན་པ་རྡོ་རྗེ་རིན་ཆེན་གྱིས་ཚོགས་འདུར་མགོ་འཛིན་བྱེད་བཞིན་པ།
རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཕྱུག་ལོས་བཀོད་པའི་གསར་འགྱུར།
མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཉིས་སྟོང་དགུ་ལོའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་མང་འཕྲིན་ཚོགས་ཁང་ནས་ཚོགས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཏང་ཙུའུ་ཡི་ཁོངས་མི། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཐེ་ཀྲང་ཉིག་ཧེ་མེན་ཉིས་སྟོང་དགུ་ལོའི་བྱ་བར་སྤྱི་སྡོམ་དང་ཉིས་སྟོང་བཅུ་ལོའི་བྱ་བར་བཀོད་སྒྲིག་བྱས། རེབ་འདིའི་ཚོགས་ཆེན་སྟེང་མཚོ་སྔོན་བོད་སྐད་རླུང་འཕྲིན་སོགས་སྡེ་ཁག་གསུམ་ལ་ཉིས་སྟོང་དགུ་ལོའི་སྔོན་ཐོན་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བའི་དོ་དམ་པ་མཁའ་བྱམས་དོན་གྲུབ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི«ན་ཆུང་བྱིས་པའི་དགའ་ཚལ»ལེ་ཚན་གྱི་རྩོམ་སྒྲིག་པ་བསམ་གྲུབ་འཚོ་སོགས་སྔོན་ཐོན་མི་སྣ་བཅུ་ལ་སྔོན་ཐོན་བྱ་བ་བསྒྲུབས་མཁན་གྱི་གཟི་བརྗིད་མཚན་སྙན་ཐོབ།
ཚོགས་ཐོག་ནས་སྔོན་ཐོན་ཐུན་མོང་གསུམ་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་བཅུ་ལ་གཟེངས་བསྟོད་བྱས་ཏེ་བྱ་དགའ་གནང་བར་མ་ཟད། རྒྱལ་ཁབ་ཀྱི་ཁྲང་ཅང་ཐའོ་ཧྥིན་བྱ་དགའ་ཐོབ་པའི་བང་ཧེ་ཡུང་དང་ཀྲུང་གོ་གསར་འགྱུར་བྱ་དགའི་ཆེད་དོན་བྱ་དགའ་ཨང་གཉིས་པ་ཐོབ་པའི་ཞིན་ཧུང་ལིན་གཉིས་ལ་ཆེད་དུ་བྱ་དགའ་གནངས།
མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལའེ་བན་ཕིན་གྱིས་ཚོགས་ཐོག་ནས་གཏམ་བཤད་དེ། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཉིས་སྟོང་དགུ་ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཉིས་སྟོང་བཅུ་ལོའི་བྱ་བའི་ཐད་ལ་རེ་བ་གསལ་བོ་བཏོན།
མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཐེ་ཀྲང་གཞོན་པ་རྡོ་རྗེ་རིན་ཆེན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ་ཞིང་། ཁོས་གཟེངས་བསྟོད་ཐོབ་པའི་སྡེ་ཁག་དང་མི་སྒེར་གྱིས་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལོ་གསར་བའི་ནང་དུ་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན་པའི་དུས་མཉམ་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་མཐོང་ཆེན་དང་རྒྱབ་སྐྱོར། རླུང་འཕྲིན་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ཐུན་མོང་གི་འབད་བརྩོན་བཅས་ཡོད་ན། རླུང་འཕྲིན་ལས་ཁུངས་ཀྱི་བྱ་བ་སྣ་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཅེས་བཤད།

སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་རྩོམ་སྒྲིག་པ་བསམ་གྲུབ་འཚོ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བའི་དོ་དམ་པ་མཁའ་བྱམས་དོན་གྲུབ(གྲལ་རྗེས་མའི་གཡོན་ནས་བརྩིས་པའི་དང་པོ་དང་གཉིས་པ)།

སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་རྩོམ་སྒྲིག་པ་བསམ་གྲུབ་འཚོ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བའི་དོ་དམ་པ་མཁའ་བྱམས་དོན་གྲུབ(གཡོན་ནས་བརྩིས་པའི་དང་པོ་དང་གཉིས་པ)

མདོ་འཛིན་པ་བཀྲ་ཤིས་དོན་གྲུབ་ཀྱིས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཚབ་བྱས་ཏེ་སྔོན་ཐོན་ཐུན་མོང་གི་བྱ་དགའ་ལེན་བཞིན་པ།

ཁྲང་ཅང་ཐའོ་ཧྥིན་བྱ་དགའ་ཐོབ་མཁན་བང་ཧེ་ཡུང(གཡས)དང་ཀྲུང་གོ་གསར་འགྱུར་བྱ་དགའི་ཆེད་དོན་བྱ་དགའ་ཨང་གཉིས་པ་ཐོབ་པའི་ཞིན་ཧུང་ལིན(གཡོན)

མདོ་འཛིན་པས་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་མཚམས་སྦྱོར་བྱེད་བཞིན་པ།

ཚོགས་ར།

སྔོན་ཐོན་ཐུན་མོང་གི་འཐུས་མིས་གཏམ་བཤད་བཞིན་པ།

སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིས་གཏམ་བཤད་བཞིན་པ།
གསར་འགོད་པ། ཕྱུག་ལོ།