
ཟླ་གཉིས་པའི་ཚེས་གསུམ་ཉིན། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་རྒྱལ་ས་ལེ་ཡཱ་ཏི་ནས་འཚམས་འདྲིར་ཡོང་བའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱི་ལ་ཐུག་འཕྲད་བྱས། ཉིན་དེར་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་དང་འཚམས་འདྲིར་ཡོང་བའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱི་གཉིས་ཀྱིས་ལེ་ཡཱ་ཏི་ནས་གྲོས་མོལ་བྱས།
སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་གསུམ་ཉིན་ལེ་ཡཱ་ཏི་ནས་འཚམས་འདྲིར་ཡོང་བའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་ཨ་ཧྥུའུ་ཧན་གྱི་གནས་བབ་ཀྱི་འཕེལ་རྒྱས་གསར་བ་དང་ཁྱད་པར་དུ་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཨ་པུའུ་ཏུའུ་ལཱ་དང་ཁཱ་ཨར་ཀྲ་དབྱི་གཉིས་ཀྱིས་བལྟས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ཨ་ཧྥུའུ་ཧན་གྱི་བསྐྱར་འཛུགས་དང་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། ཧུར་ཐག་སྒོས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་དགོས་པར་འདོད།
གཞན་ཡང་ཁཱ་ཨར་ཀྲ་དབྱི་ཡི་མགྲིན་ཚབ་པ་ཝ་ཞི་ཏི་ཨོ་མཱ་ཨར་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མགོ་ཁྲིད་པས་སོ་ཏི་ཨ་རབ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་བར་གྱི་འབྲེལ་བ་འདུམ་འགྲིག་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ནས། ཐཱ་ལེ་པན་གང་མགྱོགས་སྒོས་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་འཕེལ་རིམ་ནང་ཞུགས་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།