པར་རིས་གསར་འགྱུར།

ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱི་ཚོང་ར་ཞིག་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་ལ་རྨས་ཕོག་པ།
དུས་ཚོད་།
2010-02-04 20:00:48.0 རྡེབ་ཚད། 492

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

འདི་ནི་ཨོ་སི་ཁྲུ་ལི་ཡཱའི་རྒྱང་སྒྲོག་ཀུང་ཟིས་འདོན་སྤྲོད་བྱས་པའི་ཟླ་གཉིས་པའི་ཚེས་གསུམ་ཉིན་ཉེན་རྟོག་པ་འགས་ཨོ་སི་ཁྲུ་ལི་ཡཱའི་བྱང་ཕྱོགས་གྲོང་ཁྱེར་ཏཱ་ཨར་བུན་གྱི་འགས་གཏོར་དོན་རྐྱེན་བྱུང་སར་བཀག་སྡོམ་བྱེད་པའི་པར་རིས་རྒྱུ་ཆ་རེད།


   ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་ཉིན་གུང་།  ཏཱ་ཨར་བུན་གྱི་ཚོང་ར་ཞིག་ནས་འགས་གཏོར་དོན་རྐྱེན་བྱུང་།  སྐྱེས་པ་ཞིག་གིས་རླངས་སྣུམ་དང་ཤོག་སྦགས་དྲུད་ཡོད་པའི་རླངས་འཁོར་ཞིག་འགས་གཏོར་བཏང་སྟེ།  མི་བཅོ་ལྔ་ལ་རྨས་ཕོག


ཟླ་གཉིས་པའི་ཚེས་གསུམ་ཉིན།  ཨོ་སི་ཁྲུ་ལི་ཡཱའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཏཱ་ཨར་བུན་ནས།  ཉེན་རྟོག་པའི་རླངས་འཁོར་དང་མེ་གསོད་རུ་ཁག་གི་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སའི་ཉེ་འདབས་སུ་བསྡད་ཡོད་པ།

ཟླ་གཉིས་པའི་ཚེས་གསུམ་ཉིན།  ཨོ་སི་ཁྲུ་ལི་ཡཱའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཏཱ་ཨར་བུན་ནས།  ཉེན་རྟོག་པ་ཞིག་འགས་གཏོར་བྱུང་སར་རྟོག་ཞིབ་བྱེད་བཞིན་པ།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号