པར་རིས་གསར་འགྱུར།

བོད་ལྗོངས་ནི་འཛམ་གླིང་གི་ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་དཔེ་མཚོན་གྱི་ས་ཁུལ་ཞིག་ཏུ་གྱུར་བ།
དུས་ཚོད་།
2010-02-05 12:31:45.0 རྡེབ་ཚད། 406

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

ལྷ་སའི་པོ་ཏ་ལར་རྒྱང་ལྟ་བྱས་པ།  དགུན་ཁའི་ལྷ་སའི་ཉི་འོད་དྲོ་ཞིང་འཇམ་ལ།  ཁ་དོག་སྣ་ཚོགས་ཀྱིས་ཀུན་ནས་ཕྱུག

  ལོ་འདི་དག་གི་རིང་ལ། དགུན་ཁར་ལྷ་ས་རུ་ཁངས་མི་འབབ་པའི་གནས་ཚུལ་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད།ལྷ་ས་གྲོང་ཁྱེར་དུ་ལོ་མང་པོར་བསྡད་མྱོང་བའི་ཀྲང་ཧི་ཀྲིན་གྱིས་བཤད་རྒྱུར། ངའི་དྲན་པའི་ཀློང་ན་དགུན་ཁའི་ལྷ་ས་གྲོང་ཁྱེར་ནི་ག་ས་གང་དུ་རྒྱ་ལྕང་གི་ཡལ་ག་གངས་ཀྱིས་མནན་པ་དང་། ས་གཞི་ཐམས་ཅད་དངུལ་གྱི་མདངས་ལྟར་དཀར་ལ། ཁངས་རྩེད་བྱེད་པའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་ཞིང་། ལོ་ངོ་བཅུའི་རིང་ལ་ཁངས་འབབ་པའི་རྣམ་པ་དེ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཡོད་ཟེར།  
  བོད་ལྗོངས་གནམ་གཤིས་རྟོག་དཔྱོད་ཁང་གནམ་གཤིས་དབྱེ་ཞིབ་ཚན་ཁག་གི་ཚན་གཙོ། མཐོ་རིམ་བཟོ་སྐྲུན་པ་ཀྲང་ཧི་ཀྲིན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཉི་མ་རེ་རེའི་གནམ་གཤིས་འགྱུར་ལྡོག་སྣང་ཚུལ་གྱི་གཞི་གྲངས་གསལ་བོར་ཤེས་ལ།  ཁོས་ནམ་ཟླའི་དྲོད་གྲངས་མུ་མཐུད་ཇེ་མཐོར་སོང་སྟེ། ཉིས་སྟོང་དགུ་ལོར་བོད་ལྗོངས་ཀྱི་ཆ་སྙོམས་དྲོད་ཚད་ལོ་སོ་དགུའི་རིང་ལ་ལོ་རྒྱུས་སྟེང་ཆེས་མཐོ་བའི་ཚད་ལ་སླེབས་ཟེར། 
  ཀྲུང་གོ་གནམ་གཤིས་རྟོག་དཔྱོད་ཅུའུ་ཡི་ཅུའུ་ཀྲང་ཀྲིན་གོ་ཀོང་གིས་བཤད་རྒྱུར། འཛམ་གླིང་གི་ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། མདོ་དབུས་མཐོ་སྒང་གི་ནམ་ཟླ་ཇེ་དྲོར་སོང་བའི་ཚད་དེ་ས་ཁུལ་གཞན་པ་དང་བསྡུར་ན་མངོན་གསལ་ཡིན་པ་དང་། བོད་ལྗོངས་ནི་འཛམ་གླིང་གི་ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་གནོད་འཚེ་ཐེབས་པའི་དཔེ་མཚོན་གྱི་ས་ཁུལ་ཞིག་རེད་ཟེར།  

ཉིས་སྟོང་དགུ་ལོའི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཉིང་ཁྲི་རྫོང་ཆབ་དཀར་ཞང་ཆུ་འཁོར་བྱང་སྡེ་བའི་སྡེ་མི་འཕྱོངས་རྒྱས་ཐན་སྐྱོན་བྱུང་ནས་སྐམ་ཟིན་པའི་ཆུ་རྫིང་གི་ཤུལ་དུ་བསྐྱོད་བཞིན་པ།  

ལོ་ཙཱ་བ།  ཚེ་རིང་སྒྲོལ་མ།  

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号