པར་རིས་གསར་འགྱུར།

ཆེད་མཁས་པས་བོད་ལྗོངས་ནས་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོ་རྙེད་པ།
དུས་ཚོད་།
2010-02-06 10:06:56.0 རྡེབ་ཚད། 269

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

  གསར་འགོད་པས་ཉེ་ལམ་བོད་ལྗོངས་གནའ་རྫས་རྟོག་དཔྱོད་ཆེད་མཁས་པའི་མདུན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།   ན་ནིང་བོད་ལྗོངས་ནས་གནའ་རྫས་རྟོག་དཔྱོད་བྱེད་སྐབས།  ཆེད་མཁས་པས་ཆེས་ཐོག་མར་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོ་བཅུ་དགུ་རྙེད་ཟེར།   
  རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།   སྨར་ཁམས་རྫོང་སྤང་མདའ་ཞང་གི་གློག་བརྙན་སྟོན་མཁན་བཀྲ་རྡོ་ཡིས་ཁུངས་སྣེ་འདོན་སྤྲོད་བྱས་ཏེ།   གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལྷ་མདུན་སྡེ་བ་ནས་རྡོ་བརྐོས་རི་མོ་བཅོ་བརྒྱད་རྙེད།  
  ཀྲང་ཅན་ལིན་གྱིས་བཤད་རྒྱུར།  མ་ཎི་རྡོ་བརྐོས་ལ་ཞིབ་འཇུག་བྱེད་སྐབས།   མེན་རྒྱལ་རབས་དང་ཆིན་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་རི་མོ་མང་པོ་ཉར་ཚགས་བྱས་ཡོད་ཀྱང་།  བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོ་ཧ་ཅང་ཉུང་།  ད་ལྟ་རྙེད་པའི་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོ་དེ་དག་ནི་བོད་ལྗོངས་ནས་ཐོག་དང་པོར་རྙེད་པ་ཡིན་པས།   ནང་བསྟན་ཆོས་ལུགས་བོད་ལྗོངས་ཀྱི་ཤར་ཕྱོགས་ས་ཁུལ་ནས་དར་བའི་ཐད་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།   

ལོ་ཙཱ་བ།  ཚེ་རིང་སྒྲོལ་མ།   

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号