པར་རིས་གསར་འགྱུར།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཨུ་རུ་སིའི་དམག་དོན་རིག་གཞུང་དོན་དངོས་དང་མི་མཐུན་པར་བཤད་པ།
དུས་ཚོད་།
2010-02-06 22:13:21.0 རྡེབ་ཚད། 523

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

ཟླ་གཉིས་པའི་ཚེས་ལྔ་ཉིན།   མོ་ནེ་ཧེ་བདེ་འཇགས་སྲིད་ཇུས་ཀྱི་གྲོས་ཚོགས་སྐབས་ཞེ་དྲུག་པ་མོ་ནེ་ཧེའི་པཱ་ཧྥ་ལེ་ཡཱ་སྤྲོ་ཁྱིམ་ཁང་ནས་ཚོགས།   འཛམ་གླིང་གི་རྒྱལ་ཁབ་ལྔ་བཅུ་ལྷག་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་རྒྱལ་སྲུང་པུའུ་ཀྲང་།  ཕྱི་འབྲེལ་བློན་ཆེན།  མཐོ་རིམ་བདེ་འཇགས་དཔོན་རིགས་བཅས་ཀྱིས་ཐོན་ཁུངས་བདེ་འཇགས་དང་འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་བསྒྱུར་བཀོད།  ཉིང་རྡུལ་རྒྱ་བསྐྱེད་དུ་འགྲོ་བར་ཚོད་འཛིན་དང་བཀག་འགོག་བྱེད་པ།  ཀྲུང་ཏུང་གི་བདེ་འཇགས་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བ།  དབྱི་ལིང་གི་ཉི་རྡུལ་ནུས་པའི་གནད་དོན།   བྱང་ཆིངས་རྩ་འཛུགས་ཀྱི་འཐབ་ཇུས་གསར་བ།  ཨ་ཧྥུའུ་ཧན་གྱི་གནད་དོན་བཅས་ལ་གྲོས་སྡུར་བྱས། 


     བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས་དྲུག་ཉིན་འཇར་མན་གྱི་མུའུ་ནེ་ཧེ་ནས་བཤད་རྒྱུར།  ཨུ་རུ་སུའི་དམག་དོན་རིག་གཞུང་གིས་བྱང་ཆིངས་རྩ་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་དེ་ཨུ་རུ་སུའི་འཇིགས་ཉེན་སློང་སྤྱད་དུ་བརྩིས་པ་ནི་དོན་དངོས་དང་མི་མཐུན་ལ།  ནུབ་ཕྱོགས་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཡང་ཕན་པ་མེད་ཟེར།

  ལཱ་སི་མུའུ་སིན་གྱིས་མུའུ་ནེ་ཧེ་ཡི་བདེ་འཇགས་སྲིད་ཇུས་གྲོས་ཚོགས་སྟེང་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།   རིགས་གཞུང་གསར་བ་དེས་འཛམ་གླིང་གི་གནས་ཚུལ་ངོ་མ་བརྗོད་མེད་ཀྱང་།  བྱང་ཆིངས་རྩ་འཛུགས་ནི་ཨུ་རུ་སིའི་དགྲ་བོ་མིན་པ་དང་། ཨུ་རུ་སུའི་དམག་དོན་རིག་གཞུང་དེ་དོན་དངོས་དང་མི་མཐུན་པར་མ་ཟད།  ང་ཚོས་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་འབྲེལ་བ་ལེགས་བཅོས་བྱེད་པའི་དམིགས་ཡུལ་ལ་འགལ་ཡོད་ཟེར། 
     ཨུ་རུ་སུའི་ཙུང་ཐུང་མེ་ཏི་བེ་ཅེ་ཧྥུ་ཡིས་ཚེས་ལྔ་ཉིན་དམག་དོན་སྦྱོང་བརྡར་རིག་གཞུང་གསར་བར་ཆོག་མཆན་བཀོད་པ་དང་།   དམག་དོན་སྦྱོང་བརྡར་ལས་བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་དང་ཨ་མེ་རི་ཁའི་ཡོ་རོབ་གླིང་དུ་ཏའོ་ཏན་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པ་ནི་ཨུ་རུ་སིའི་མདུན་དུ་ལྷགས་པའི་ཕྱི་འབྲེལ་དམག་དོན་གྱི་འཇིགས་ཉེན་གཙོ་བོ་ཞིག་ཡིན་པར་བཤད་ཡོད།

ལོ་ཙཱ་བ།    བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号