ཨར་ཅི་རི་ཡཱའི་བརྡ་འཕྲིན་ཚགས་པར་སྟེང་ཚེས་དྲུག་ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡཱའི་བདེ་འཇགས་དམག་དཔུང་གིས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་བྱང་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཡོད་པའི་ཧེ་ཐིས་ཕཱ་ས་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་ཅིག་གི་ཁྲོད་ནས་ཐལ་སྐྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། འཁྲུག་རྩོད་དེ་སིས་ཕཱ་སཱ་ཞིང་ཆེན་གྱི་མུའུ་ནཱ་ཞི་ཨར་གྲོང་བརྡལ་ལྷོ་ཕྱོགས་ཀྱི་སྤྱི་ལེ་བཅོ་བརྒྱད་མཚམས་སུ་ཡོད་པའི་ ནགས་ཚལ་ས་ཁུལ་ནས་བྱུང་བ་དང་། དྲག་ཆས་ཉེས་ཅན་བཞི་གནས་དེ་ནས་བསད་པ་དང་། གཞན་མི་གཉིས་བྲོས་བྱོལ་བྱས། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གི་དཔོན་རིགས་ཤིག་འགུལ་སྐྱོད་ཁྲོད་ནས་ཚེ་ལས་འདས་པ་དང་། གཞན་ཡང་དམག་མི་གཉིས་ལ་རྨས་ཕོག་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།