ཨ་ཀིན་ཐིན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཧྥོ་ལོ་ལུང་ཞི་ཨོ་ལན་ཏཱ་ཙོ་ཡིས་ཚེས་ལྔ་ཉིན་བསྐྱར་སྒྲོག་བྱས་དོན། ཨ་ཀིན་ཐིན་སྲིད་གཞུང་གིས་ཤུགས་ཆེན་པོས་དངུལ་ལོར་ཚོང་ར་དང་དངུལ་ལོར་འཕར་ཚད་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་རང་གི་དངུལ་ལོར་རིན་ཐང་དུས་ཡུན་ཐུང་ངུའི་ནང་དུ་རིན་གོང་འགྱུར་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།
དེ་ནི་ཨ་ཀིན་ཐིན་སྲིད་གཞུང་གི་དཔོན་རིགས་ཀྱིས་དུས་ཡུན་ཉིན་གཉིས་ཀྱི་ནང་གཏམ་བཤད་སྤེལ་བ་རེད། ཨ་ཀིན་ཐིན་གྱི་དཔལ་འབྱོར་པུའུ་ཀྲང་ཨ་མཱ་ཏའོ་པུའུ་ཧྲི་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གསར་བ་མེ་སེར་ཏི་སི་མར་ཨར་ཁི་ཏི་ཨར་ཕང་གིས་ཚེས་བཞི་ཉིན་སྔ་གཞུག་ཏུ་ཨ་ཀིན་ཐིན་སྲིད་གཞུང་གིས་རྒྱལ་ཁབ་རང་གི་དངུལ་ལོར་རིན་གོང་འགྱུར་བར་སྔོན་འགོག་བྱེད་དགོས་པ་བསྐྱར་སྒྲོག་བྱས་པ།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།