ངལ་རྩོལ་གསར་འགྱུར་སྟེང་ཚེས་དྲུག་ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་རྒྱལ་ཡོངས་ཀྱི་དམག་དམངས་མཐུན་སྒྲིལ་བྱས་ཏེ། ད་ལོར་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་འགྱུར་ལྡོག་ཆེན་པོ་འབྱུང་དུ་འཇུག་པ་དང་། ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་རེ་ལྔ་འགོར་བར་བསུ་བ་བྱེད་དགོས་པའི་འབོད་སྐུལ་བཏང་།
ངལ་རྩོལ་གསར་འགྱུར་གྱིས་ཉིན་དེར་ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་རེ་ལྔ་འགོར་བར་བསུ་བ་བྱེད་པའི་མཉམ་འབྲེལ་ཁ་དབྱངས་སྤེལ། ཁྲའོ་ཞན་ངལ་རྩོལ་ཏང་གིས་སྟོབས་ཤུགས་གཅིག་བསྡུས་སྒོས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཡང་བའི་བཟོ་ལས་དང་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཧུར་ཐག་སྒོས་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་དང་རྒྱ་བསྐྱེད་དུ་བཏང་སྟེ། ནན་ཏན་གྱིས་ཏང་གི་ཞིང་ལས་བྱེད་ཕྱོགས་ལག་ལེན་བྱས་ཏེ། ཐོན་ཚད་མཐོ་བའི་ས་བོན་གསར་སྤེལ་བྱེད་པ་དང་། ལོ་ཏོག་གི་རྒྱུ་ཆ་སྡེབ་སྦྱོར་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲའོ་ཞན་དེ་འབྲུ་རིགས་ཀྱི་ཐད་ནས་རང་ཁ་རང་གསོ་བྱེད་ཐུབ་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་བྱེད་དགོས་ཟེར།
ངལ་རྩོལ་ཏང་གིས་ཧུར་ཐག་སྒོས་མི་རིགས་ཀྱི་འགྲིག་མཐུན་དང་མཉམ་ལས་མངོན་འགྱུར་བྱས་ཏེ། རང་བདག་གཙོ་བྱས་པའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། རང་བདག་དང་ཞི་བདེ། མཛའ་མཐུན་བཅས་ཀྱི་ཕྱི་ཕྱོགས་སྲིད་ཇུས་ལག་ལེན་བྱས་ནས། ཁྲའོ་ཞན་གྱི་རང་བདག་དབང་ཆ་ལ་བརྩི་འཇོག་བྱེད་པའི་རྒྱལ་ཁབ་བར་གྱི་མཛའ་མཐུན་ཁྱིམ་མཚེས་འབྲེལ་བར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།