པར་རིས་གསར་འགྱུར།

པཱ་ཞི་དང་ཨ་ཀིན་ཐིན་གྱིས་མེ་གླིང་གསར་སྤེལ་དངུལ་ཁང་བཅོས་བསྒྱུར་བྱེད་དགོས་པའི་རེ་བ་བཏོན་པ།
དུས་ཚོད་།
2010-02-06 22:28:21.0 རྡེབ་ཚད། 183

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

    པཱ་ཞི་དང་ཨ་ཀིན་ཐིན་གྱི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་མཉམ་དུ་གྲོས་གཞི་བཏོན་ཏེ།  མེ་གླིང་གསར་སྤེལ་དངུལ་ཁང་བཅོས་བསྒྱུར་བྱེད་པ་དེ་ས་ཁུལ་རང་གི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་དགོས་པའི་གྲོས་གཞི་བཏོན།
    ཉིན་དེར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་དཔལ་འབྱོར།   ནོར་སྲིད།  གནས་སྐོར་སོགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོ་སི་ཨེ་ལེ་སི་ནས་པུའུ་ཀྲུང་རིམ་པའི་གྲོས་ཚོགས་བསྡུས་ཏེ།  ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་སྡུར་བྱས།  གྲོས་ཚོགས་ལ་ཞུགས་མཁན་ཚོས་གྲོས་མོལ་བྱེད་སྐབས་ལངས་ཕྱོགས་གཅིག་གྱུར་བྱས་ནས་མཉམ་དུ་མེ་གླིང་གསར་སྤེལ་དངུལ་ཁང་གི་བཅོས་བསྒྱུར་སྐོར་གྱི་གྲོས་གཞི་སྤྲོད་རྒྱུ་ཡིན་ཟེར།
    པཱ་ཞིའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་མན་ལཱ་ཐི་ཅཱ་ཡིས་དེའི་རྗེས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན།  མེ་གླིང་གསར་སྤེལ་དངུལ་ཁང་གི་མིག་སྔའི་འཁོར་བསྐྱོད་ནང་རྐྱེན་དེ་ལ་མི་རྣམས་ཡིད་ཚིམས་མེད་ལ་ནུས་པ་གལ་ཆེན་འདོན་ཐུབ་མེད།   མེ་གླིང་གསར་སྤེལ་དངུལ་ཁང་གིས་བཅོས་བསྒྱུར་བྱས་ཏེ་ཕན་འབྲས་ལྡན་པའི་དོ་དམ་དང་ཐབས་ཇུས་ནང་རྐྱེན་བཙུགས་ཏེ།   ས་ཁུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་འཕེལ་རྒྱས་ཐད་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་དགོས་ཟེར།

ལོ་ཙཱ་བ།    བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号