པར་རིས་གསར་འགྱུར།

ན་གོར་མོ་གྲོང་ཁྱེར་གྱི་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་ནས་འཚོ་བའི་རྒྱུ་སྤུས་ཇེ་ལེགས་སུ་སོང་བ།
དུས་ཚོད་།
2010-02-07 09:43:00.0 རྡེབ་ཚད། 194

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

   2009ལོར། ན་གོར་མོ་གྲོང་ཁྱེར་གྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་མུ་མཐུད་དུ་ཇེ་མང་དུ་སོང་བའི་སྣང་ཚུལ་བཟང་པོ་བྱུང་སྟེ་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་བརྒྱ་དང་དོན་དགུ་ལྷག་ལ་བསླེབས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་བདུན་ལྷག་འཕར་པས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དམིགས་འབེན་ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། 
  ཉེ་བའི་ལོ་འགའི་རིང་ལ། ན་གོར་མོ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་སྣ་ཚོགས་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།  མཁར་གྲོང་སྡོད་དམངས་ཁྱིམ་ཚང་གི་འཚོ་བ་རོལ་སྟངས་དང་སྒོར་མོ་བཀོལ་སྲོལ་ལའང་འགྱུར་ལྡོག་མངོན་གསལ་བྱུང་སྟེ་འཚོ་བའི་རྒྱུ་སྤུས་སྔར་ལས་ཇེ་ལེགས་སུ་སོང་། 
ལོ་ཙཱ་བ།  བསོད་ནམས་ལྷ་མོ། 
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号