པར་རིས་གསར་འགྱུར།

ཉིས་སྟོང་དགུ་ལོར་ཕེན་ཨན་རྫོང་གི་ཞིང་སྡེའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་ཁང་པ་གསར་བའི་ནང་སྤར་བ།
དུས་ཚོད་།
2010-02-07 09:43:50.0 རྡེབ་ཚད། 192

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

  ཉིས་སྟོང་དགུ་ལོར་ཕེན་ཨན་རྫོང་གིས་མང་ཚོགས་ལ་བསྒྲུབ་རྒྱུའི་དམ་བཅས་པའི་དོན་དག་བཅུའི་ནང་གི་གཅིག་སྟེ་ཞིང་སྡེའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཀོད་བྱེད་པའི་ལས་གཞི་དེ་དུས་ལྟར་ཡོངས་གྲུབ་བྱས། ལོ་མཇུག་བར་དུ། རྫོང་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་སྟོང་གཅིག་དང་ཉིས་བརྒྱ་ཁང་པ་གསར་བར་སྤར།
  ཞིང་སྡེའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བྱ་བ་བདེ་བླག་ངང་ལག་བསྟར་བྱེད་ཆེད། ཕེན་ཨན་རྫོང་གིས་རྩ་འཛུགས་མགོ་ཁྲིད་ལས་ཁུངས་བཙུགས་ཏེ། མགོ་ཁྲིད་པ་གཙོ་བོས་དངོས་སུ་འཛིན་པ་དང་། བྱེ་བྲག་ཏུ་འགན་འཁུར་བའི་མགོ་ཁྲིད་པས་ཞིབ་ཏུ་འཛིན་པ། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་བྱས་ཏེ་འཛིན་པ་བཅས་ཀྱི་རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་རིམ་པ་བཞིན་དུ་དངོས་འབེབ་བྱེད་པའི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱས། དེས་མི་ཚད་ཞིང་སྡེའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཀོད་འཆར་གཞི་དང་བཟོ་སྐྲུན་ལག་བསྟར་ཇུས་གཞི་གཏན་འབེབ་བྱས་པ་དང་། བྱེད་ཐབས་གང་ལེགས་སྤྱད་དེ་ཁང་རྙིང་བསྒྱུར་བཀོད་བྱ་བ་གཟབ་ནན་གྱིས་བསྒྲུབས།

ལོ་ཙཱ་བ། ཕྱུག་ལོ།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号