ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། 2010ལོར་མཚོ་སྔོན་གྱིས་ཞིང་སྡེའི་གཞུང་ལམ་ལས་པའི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་རྒྱུ་རེད། འཆར་གཞི་ལྟར་ན་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་སུམ་བཅུ་བཏང་སྟེ་ཞིང་སྡེའི་གཞུང་ལམ་སྤྱི་ལེ་སྟོང་བརྒྱད་གསར་དུ་ལས་པ་དང་ཞིག་གསོ་བྱེད་རྒྱུ་རེད། དེ་ལས་ད་ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་སྟོང་བཞི་དང་བརྒྱ་དང་དོན་གཉིས་ལ་གཞུང་ལམ་ལས་པ་དང་ཡང་ན་རླངས་འཁོར་གཏོང་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་མཚོན་ཡོད།
མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲིག་ཡུན་ཀྲི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། 2009ལོའི་ལོ་མཇུག་བར་དུ། མཚོ་སྔོན་གྱི་ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི་བཞི་དང་སྟོང་དྲུག་བརྒྱད་བརྒྱ་སོ་དྲུག་ལྷག་ལ་རླངས་འཁོར་འགྲོ་ཐུབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཞང་གྲོང་བཞི་བརྒྱ་དང་ཉི་ཤུའི་ནང་ཞང་གྲོང་སུམ་བརྒྱ་དང་རེ་གཉིས་ལ་གཞུང་ལམ་ལས་ཡོད། སྡེ་བ་སྟོང་བཞི་དང་བརྒྱ་དང་དོན་གཉིས་ནང་གི་སྡེ་བ་སྟོང་སུམ་དང་ཉིས་བརྒྱ་ལྷག་ལ་གཞུང་ལམ་ལས་ཡོད་ཟེར།
ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེའི་གཞུང་ལམ་ལས་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པར་མ་ཟད། མ་དངུལ་སྒོར་མོ་དུང་ཕྱུར་སུམ་བཅུ་བཏང་སྟེ། ཞིང་སྡེའི་གཞུང་ལམ་སྤྱི་ལེ་སྟོང་བརྒྱད་གསར་དུ་ལས་པ་དང་ཞིག་གསོ་བྱེད་རྒྱུ་རེད།
ལོ་ཙཱ་བ། ཞའོ་ཡན།