ཡོན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ཁྲོན་ནས་བོད་ལྗོངས་བར་གྱི“ཇ་རྟའི”གནའ་ལམ་འཛམ་གླིང་གི་རིག་གནས་ཤུལ་རྫས་གྲས་སུ་ཡར་ཞུ་བྱེད་པའི་བྱ་བ་དེ་གྲོས་དོན་ཉིན་རིམ་གྲས་སུ་འཇོག་པར་གྲོས་གཞི་བཏོན་ཏེ། ཕྱོགས་ཡོངས་ནས་ཇ་ཡི་ཐོན་ལས་དང་། གནས་སྐོར་ཐོན་ལས། རིག་གནས་ཐོན་ལས་བཅས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས། ད་ལོའི་ཡོན་ནན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཡོན་ནན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་ཕིན་ཞེའོ་སུང་གིས་ཟི་ཁྲོན་ནས་བོད་ལྗོངས་བར་གྱི“ཇ་རྟའི”གནའ་ལམ་དེ་འཛམ་གླིང་གི་རིག་གནས་ཤུལ་རྫས་ཀྱི་གྲས་སུ་ཡར་ཞུ་བྱེད་པའི་བྱ་བའི་བྱེད་ཐབས་ཤིག་སྤྲད་པ་དང་། བསྒྲགས་པའི་གནས་ཚུལ་ལྟར་ན། ཡོན་ནན་ཞིང་ཆེན་གནས་སྐོར་ཅུའུ་ཡི་སྐོར་ཞིབ་པ་སུང་ཆེན་གྱིས་ཟི་ཁྲོན་ནས་བོད་ལྗོངས་བར་གྱི“ཇ་རྟའི”གནའ་ལམ་དེ་འཛམ་གླིང་གི་རིག་གནས་ཤུལ་རྫས་གྲས་སུ་ཡར་ཞུ་བྱེད་རྒྱུ་རེད་ཟེར།
ལོ་ཙཱ་བ། ཚེ་རིང་སྒྲོལ་མ