པར་རིས་གསར་འགྱུར།

ཨ་རབ་མནའ་འབྲེལ་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་སུའུ་ཏན་གྱི་མགོ་ཁྲིད་པ་ཞུ་གཏུག་བྱེད་པར་ངོ་རྒོལ་བྱས་པ།
དུས་ཚོད་།
2010-02-07 21:04:34.0 རྡེབ་ཚད། 193

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

   ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཡང་བསྐྱར་གྲོས་ཞིབ་བྱས་ཏེ། སུའུ་ཏན་གྱི་ཙུང་ཐུང་པཱ་ཞི་ཨར་གྱིས་རིགས་རྒྱུད་དམར་གསོད་ཀྱི་ནག་ཉེས་བཟོས་པར་སྐྱོན་འཛུགས་བྱེད་པའི་ཆོད་དོན་ལ་ངོ་རྒོལ་བྱས་པ་དང་།  ཆོད་དོན་དེ་རང་སྟེང་དང་བྱུང་བའི་གོ་སྐབས་བཅས་ལ་ཤུགས་རྐྱེན་ངན་པ་ཡོད་ཟེར།
  གསལ་སྒྲོག་ལས་འབྲེལ་ཡོད་ཕྱོགས་ཀྱིས་ཏོ་ཧཱ་ནས་ཏཱ་ཨར་ཧྥུ་ཨར་གྱི་ཞི་བའི་གྲོས་མོལ་སྤེལ་བཞིན་ཡོད་པ་དང་།  རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཆོད་དོན་དེ་བཏོན་པ་ལས་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་གིས་ཏཱ་ཨར་ཧྥུ་ཨར་ས་ཁུལ་གྱི་ཞི་བདེ་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱེད་པར་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད་ཟེར།
   གསལ་སྒྲོག་ལས་ཞི་བའི་གྲོས་མོལ་ལ་ཞུགས་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ཞི་བདེ་དང་འགྲིག་མཐུན་མངོན་འགྱུར་བྱེད་པའི་ཐད་གྲོས་གཞི་རེ་འགའ་བཏོན་པ་དང་།  ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ།  རྒྱལ་སྤྱིའི་ཕྱོགས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་དང་།  གྲོས་གཞི་དེ་དག་ལག་བསྟར་བྱེད་པར་གོ་སྐབས་ཤིག་སྐྲུན་དགོས་ཟེར།
   དེ་ལས་གཞན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ད་རུང་ཞི་བའི་གྲོས་མོལ་ལ་ཞུགས་པའི་སུའུ་ཏན་འཐུས་ཚབ་ཚོགས་པ་དང་རྒྱལ་སྤྱིའི་འབྲེལ་ཡོད་ཕྱོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ།  ཏཱ་ཨར་ཧྥུ་ཨར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས།  འགྲིག་མཐུན་བཅས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号