པར་རིས་གསར་འགྱུར།

བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་བློན་ཆེན་གྱིས་ཨ་ཧྥུའུ་ཧན་གྱི་འཐབ་ཇུས་ལ་གྲོས་བསྡུར་བྱས་པ།
དུས་ཚོད་།
2010-02-07 21:05:16.0 རྡེབ་ཚད། 152

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

   བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་གྱིས་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་ཐུར་ཁེ་རྒྱལ་ཁབ་ཀྱི་དབྱི་སི་ཐན་པུའུ་ཨར་ནས་དངོས་གཞི་མིན་པའི་གྲོས་ཚོགས་བསྡུས་ཏེ།  བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་གྱི་དམག་དོན་ཐབས་ཇུས་སོགས་གྲོས་གཞི་ལ་གྲོས་བསྡུར་བྱས།
   ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཀའེ་ཚི་ཡིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན།  ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོར་གསང་འཕྲིན་དང་སྒྲིག་ཆས་སྔར་ལས་མང་བོ་འདོན་སྤྲོད་བྱས་ནས།  བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གི་མི་སྣ་ཤི་རྨས་བྱུང་ཚད་ཇེ་ཉུང་དུ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།  ཁོས་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་སོ་སོས་ཨ་ཧྥུའུ་ཧན་དུ་དམག་མིའི་སྦྱོང་བརྡར་དཔོན་པོ་མང་དུ་མངག་ནས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐད་ནུས་པ་འདོན་དགོས་པའི་འབོད་སྐུལ་བཏང་།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号