པར་རིས་གསར་འགྱུར།

ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་པཱ་ལཱ་ཁི་ཡིས་ཨ་པཱ་སི་ལ་ཐུག་འཕྲད་བྱས་ཏེ་ཀྲུང་ཏུང་གི་ཞི་བདེའི་འཕེལ་རིམ་ལ་གྲོས་བསྡུར་བྱས་པ།
དུས་ཚོད་།
2010-02-07 21:05:58.0 རྡེབ་ཚད། 155

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

   ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་པཱ་ལཱ་ཁི་ཡིས་ཚེས་དྲུག་ཉིན་ཁེ་ལོ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་ལ་ཐུག་འཕྲད་བྱས་པ་དང་།  ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་ཞིབ་མོ་བྱས།
   ཨ་པཱ་སི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།  ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་ཐད་ཀྱི་ལངས་ཕྱོགས་གང་ཡང་བྱུང་མེད་ལ།  གལ་ཏེ་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་བར་གྲོས་མོལ་བྱེད་འདོད་ཡོད་ན།  ངེས་པར་དུ་དུས་ཡོད་ངེས་ཅན་ནང་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་མཚམས་འཇོག་དགོས་ཟེར།  ཨ་མེ་རི་ཁའི་ཀྲུང་ཏུང་གནད་དོན་གྱི་ཆེད་མངག་ཕོ་ཉ་མུས་ཆེ་ཨར་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་ཐད་གྲོས་གཞི་རེ་འགའ་བཏོན།  ཨ་པཱ་སི་ཡིས་ཨེ་ཅིབ་དང་ཅོར་ཏན།  ཕཱ་ལེ་སི་ཐན་བཅས་ཀྱིས་ཕྱོགས་གསུམ་གྱི་གྲོས་མོལ་བྱས་པར་མ་ཟད།  གནད་དོན་རེ་འགའ་བཏོན་ནས་ཨ་མེ་རི་ཁས་ལན་སྟེར་བར་སྒུག་ཡོད།  ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེི་རི་ཁས་ལན་བྱིན་རྗེས་རང་ཉིད་ཀྱི་ལངས་ཕྱོགས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ།   བསོད་ནམས་ཚེ་རིང་།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号