པར་རིས་གསར་འགྱུར།

པད་མས་ཁེ་ལས་ཀྱི་དཀའ་ཁག་ཆེ་བའི་ལས་བཟོ་བར་འཚམས་འདྲི་བྱས་པ།
དུས་ཚོད་།
2010-02-08 08:30:39.0 རྡེབ་ཚད། 151

ཡི་གེའི་ཆེ་ཆུང་། ༼   ཆེ། འབྲིང་། ཆུང་།   ༽

   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ་ཟླ༢པའི་ཚེས༥ཉིན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་པ་དང་ལྷན་དུ་མཚོ་སྔོན་ཐེན་ལུའུ་འོ་ལས་ཚད་ཡོད་ཀུང་ཟིར་སོང་ནས་དཀའ་ཁག་ཆེ་བའི་ལས་བཟོ་བར་འཚམས་འདྲི་བྱས། 
  པད་མ་ཐོག་མར་དཀའ་ཁག་ཆེ་བའི་ལས་བཟོ་བ་ཀྲོ་ཀྲིན་ཀྲི་དང་ཀྲང་ཧེ་ཐོ་གཉིས་ཀྱི་ཁྱིམ་ལ་སོང་ནས་ཁོ་ཚོར་འཚམས་འདྲིའི་སྒོར་མོ་དང་དངོས་པོ་བྱིན་པར་མ་ཟད།  ཁོ་ཚོའི་འཚོ་བ་དང་བྱ་བའི་གནས་ཚུལ་ཞིབ་མོར་དྲིས་པ་དང་།  རང་གི་སྟོབས་ཤུགས་ལ་བརྟེན་ནས།  སྔ་མོ་ནས་དཀའ་ཁག་ལས་ཐར་དགོས་པའི་སྐུལ་མ་བཏང་།
  ཁེ་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས།  པད་མས་བསྟན་དོན།  ཉེ་བའི་ལོ་འགར་འོ་མའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་མོད།  འོད་ཀྱང་རང་ཞིང་གི་འོ་མའི་ཐོན་ལས་སྔར་བཞིན་རྗེས་ལུས་དང་ཚོང་རར་བཀྲམས་ཚད་དམའ་བ།  འོ་མ་ཐོན་སའི་རྟེན་གཞིའི་འཛུགས་སྐྲུན་རྗེས་ལུས་ཡིན་པ་རེད།  དེ་བས།  བྱེད་ཐབས་སྤྱད་དེ།  ད་ཡོད་ཀྱི་འོ་མ་འདོན་སྤྲོད་ས་ཚིགས་ལེགས་སྒྲིག་བྱེད་པའི་མཚུངས་སུ།  གཞི་ཁྱོན་ལྡན་པའི་གསོ་སྤེལ་ལས་རིགས་ཤུགས་ཀྱིས་གོང་དུ་སྤེལ་བ་དང་།  དེ་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས།  འོ་མའི་ཐོན་ཁུངས་རྟེན་གཞི་འཛུགས་སྐྲུན་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ།  དབུལ་སྐྱོར་གསར་སྤེལ་བྱེད་པ་སྡེ་བ་ཀུན་ལ་ཁྱབ་གདལ་དུ་གཏོང་བའི་བཟོ་སྐྲུན་བཅས་ཟུང་དུ་སྦྲེལ་ནས།  ཁེ་ལས་ཀྱི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

ལོ་ཙཱ་བ།  ཀླུ་འབུམ་བྱམས།      

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2008 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣
        青ICP备06001324号