རང་ཞིང་གིས་ཚེས་དྲུག་ཉིན་ས་གཤིས་རྩད་ཞིབ་ཀྱི་ཕྱི་ཕྱོགས་ཁོར་ཡུག་ལེགས་བཅོས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཞུའུ་ཧྥུའུ་ཧྲོན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་ས་ཁུལ་བཅས་ཀྱིས་ས་གཤིས་རྩད་ཞིབ་ཀྱི་ཕྱི་ཕྱོགས་ཁོར་ཡུག་ལེགས་བཅོས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་བཤད་རྒྱུར། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་སྒོས་ས་གཤིས་རྩད་ཞིབ་ཀྱི་ཕྱི་ཕྱོགས་ཁོར་ཡུག་ལེགས་བཅོས་བཟང་བོ་བྱས་ནས་ས་གཤིས་རྩད་ཞིབ་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།
ཚོགས་ཐོག་ནས་ཞུའུ་ཧྥུའུ་ཧྲོན་གྱིས་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གཅིག་ནས་འགན་འཁྲི་གསལ་བོ་བྱེད་པ་དང་ཕྱི་ཕྱོགས་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣོན་དགོས་ལ་། ཞབས་ཕྱིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ས་གཤིས་རྩད་ཞིབ་བྱ་བའི་ཕྱི་ཕྱོགས་ཁོར་ཡུག་ལེགས་བཅོས་བཟང་བོ་བྱེད་དགོས། གཉིས་ནས་འདྲ་མཉམ་དང་དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས། ས་གཤིས་རྩད་ཞིབ་དང་ས་གཤིས་གསར་སྤེལ་གྱི་ཁ་གསབ་སྒོར་མོ་སྟེར་བའི་བྱ་བ་བཟང་བོར་སྒྲུབ་དགོས། གསུམ་ནས་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་ནས། ཧུར་ཐག་དང་རང་རྟོགས་སྒོས་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་བྱ་བ་བཟང་བོར་སྒྲུབ་དགོས་པའི་རེ་བ་བཏོན།
བཞུགས་མོལ་ཚོགས་འདུའི་སྟེང་ཞུའུ་ཧྥུའུ་ཧྲོན་གྱིས་ད་དུང་ཁུལ་དང་ཏིས། གྲོང་ཁྱེར་བཅས་སོ་སོའི་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་པའི་བར་ལ་ཉིས་སྟོང་བཅུ་ལོའི་ས་ཞིང་སྲུང་སྐྱོབ་དམིགས་འབེན་འགན་འཁྲི་ཡི་གེ་བཀོད།
ལོ་ཙཱ་བ། བཀྲ་ཤིས་འབུམ།